མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་བ་ནི་ཀྲུང་གོའི་གྲོགས་པོ་ཡག་པོ་ཡིན་པ་ར་འཕྲོད་ནུས་ལྡན་ཐུབ་ཡོད། ང་ཚོས་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་སླར་ཡང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
        2016ལོའི་ཟླ་12པར་ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དབར་གྱི་ཕྱི་འབྲེལ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པས་ཕྱོགས་གཉིས་པོའི་ཕྱི་འབྲེལ་སླར་གསོ་བྱས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྦད་དེ་མཐུན་པའི་ར་སྤྲོད་གང་ལེགས་བྱས་ཡོད། སྐུ་ཞབས་ཙུང་ལིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཟབ་མོ་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ནི་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་འཕེལ་རྒྱས་ལམ་བུའི་ཐོག་ཡིད་ཆེས་བྱེད་རིན་ཡོད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་རེད། ང་ཚོས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། སོ་ཐོ་མེ་དང་ཕུ་རིན་སི་ཕེ་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཟབ་མོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མུ་མཐུད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།