མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རོ་ཁོའི་དབུ་བཞུགས་བློན་ཆེན་ཨའོ་སི་མན་ཉི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་རོ་ཁོའི་དབུ་བཞུགས་བློན་ཆེན་ཨའོ་སི་མན་ཉི་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་མོ་དབར་འགྲོ་འོང་བྱས་པར་ལོ་རྒྱུས་ཡུན་རིང་ལྡན་ཡོད། དུས་རབས་14པ་ནས་བཟུང་མོ་རོ་ཁོའི་གྲགས་ཅན་གྱི་གནས་སྐོར་བ་དབྱི་པེན·པའེ་ཐུའུ་ཐའེ་ཀྲུང་གོར་སླེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཨ་རབ་བཅས་དབར་འབྲེལ་གཏུག་བྱས་ཡོད། འདི་ལོ་ནི་ཀྲུང་མོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། 
        ཀྲུང་གོ་ཕྱོགས་ཀྱིས་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་མོ་རོ་ཁོ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་མོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། མོ་རོ་ཁོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་འབད་བརྩོན་ལ་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། མོ་རོ་ཁོ་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་རོགས་ཟླ་གལ་ཆེན་དུ་བརྩི་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།