མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཝ་སི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཝ་སི་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀི་ནེ་ཡ་པི་སོས་སྔ་མོ་ནས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དུས་སྐབས་སུ་ཀྲུང་གོ་དང་ཀེ་ནེ་ཡ་པི་སོ་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་འབྲེལ་བ་ཟབ་མོ་བཙུགས་ཡོད། ཉེ་ཆར། ཀི་ནེ་ཡ་པི་སོའི་དུས་བབ་ཡག་ཏུ་ཕྱིན་པ་ཀྲུང་གོ་ཕྱོགས་ཀྱིས་དགའ་ཚོར་ཆེན་པོས་མཐོང་བྱུང་། ཀི་ནེ་ཡ་པི་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། ཀི་ནེ་ཡ་པི་སོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀི་ནེ་ཡ་པི་སོའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཀི་ནེ་ཡ་པི་སོའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱེད་པར་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོ་ཕྱོགས་དང་མཉམ་དུ་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་དང་། འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་གཉིས་པོ་གང་ལེགས་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བར་སྒྱུར་བར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།