མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་ཡུན་རིང་སྐུལ་འདེད་གཏོང་མཁན་དང་ཞུགས་མཁན་ཞིག་ཡིན་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་འཛུགས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མི་རིང་བའི་གོང་། ང་དང་སྐུ་ཞབས་ཙུང་ཐུང་གཡོད་ཧན་ནེ་སི་པའོ་རུ་ཐུག་འཕྲད་བྱུང་སྐབས་ཀྲུང་གོ་དང་ཝུ་ཀན་ཏའི་འབྲེལ་བའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝུ་ཀན་ཏ་འདི་ཉིད་ཨ་ཧྥེ་རི་ཁའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ལ་བརྩི་གི་ཡོད་ལ། ཝུ་ཀན་ཏ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་རྒྱལ་སྲིད་སྐྱོང་ལུགས་དང་ལྷག་དོན་དུ་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་ཡག་པོ་བྱེད་པ། ཝུ་ཀན་ཏ་ཕྱོགས་ཀྱིས་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱེད་པ། དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད། ཝུ་ཀན་ཏ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ནུས་པ་ཆེན་པོ་འདོན་རྒྱུར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕྱོགས་གཉིས་པོས་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།