མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧ་སག་སི་ཐན་དུ་བཏོན་ནས་ལོ་5འཁོར་བར་དྲན་
གསོ་ཞུ་བའི་ཚོང་དོན་གླེང་སྟེཌ་ལ་བརྙན་ལམ་བརྒྱུད་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་9ཚེས་7ཉིན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧ་སག་སི་ཐན་དུ་བཏོན་ནས་ལོ་5འཁོར་བར་དྲན་གསོ་ཞུ་བའི་ཚོང་དོན་གླེང་སྟེགས་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་སྤེལ་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་རྟེན་འབྲེལ་ཞུས་པ་རེད།
       ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་བརྙན་ལམ་ནང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧ་སག་སི་ཐན་དུ་བཏོན་ནས་ལོ་5འཁོར་བའི་དུས་འདིར་ཚོང་དོན་གླེང་སྟེགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཅུང་ཐུང་ན་ཀྲའར་ཕ་ཡེ་ཕུའུ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། སྐུ་མགྲོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་པ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་དང་ལེན་ཧུར་ཐག་ཞུས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་མང་དག་ཅིག་གིས་སྲིད་ཇུས་ཐོག་ནས་མཐུན་སྦྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་དཔལ་འབྱོར་ཚོང་དོན་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་མགྱོགས་པོ་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་ཀྱི་དྲ་རྒྱ་རིམ་བཞིན་ཆགས་པ། ཐོན་ལས་དང་དངུལ་རྩའི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་པ། རྒྱལ་ཁབ་ཁག་གི་མི་དམངས་དབར་འགྲོ་འོང་སྔར་བས་དམ་ཟབ་བྱུང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་ཧུར་ཐག་ངང་ཞུགས་མཁན་ཞིག་རེད། ལོ་5ཡི་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཧ་སག་སི་ཐན་དང་འབྲེལ་ཡོད་རྒྱལ་ཁབ་གཞན་རྣམས་དང་མཉམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། སྒོ་དབྱེ་བསྟུན་མཁས་ཐོག་ནས་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་གཏོང་བ། “རྒྱུད་གཅིག་ལམ་གཅིག”དེ་ཞི་བདེའི་ལམ་བུ་དང་། དར་རྒྱས་ཀྱི་ལམ་བུ། སྒོ་དབྱེའི་ལམ་བུ། གསར་གཏོད་ཀྱི་ལམ་བུ། ཤེས་དཔལ་གྱི་ལམ་བུ་བཅས་སུ་བསྐྲུན་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་འདོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
       མཇུག་ཏུ་ཞི་ཅིན་ཕིང་གིས་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་རེད།