མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ལི་ཁེ་ཆང་གིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཇར་པན་གྱི་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུང་ཞི་ཧུང་མིང་དང་། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཙོང་ཀང་ཀྲེང་ཨར། འཇར་པན་ཚོང་བཟོ་ཚོགས་པའི་གྲོས་ཁང་གི་ཚོགས་གཙོ་སན་ཚུན་མིང་ཧྥུ་བཅས་ཀྱིས་སྣེ་ཁྲིད་པའི་འཇར་པན་གྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་ཞིང་ཁོང་ཚོ་དང་བཞུགས་མོལ་གནང་ཡོད།