མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལ་ཐེ་ཝེ་ཡའི་ཙུང་ཐུང་ཝེ་གཡོད་ཉི་སི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ལ་ཐེ་ཝེ་ཡའི་ཙུང་ཐུང་ཝེ་གཡོད་ཉི་སི་དང་མཇལ་འཛོམས་གནང་བ་རེད།
             ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་ལའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད། པོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་ཁྲོད་ནས་ལ་ཐེ་ཝེ་ཡས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་སྔོན་ལ་མིང་རྟགས་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཐེ་ཝེ་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རེས་བྱེད་པའི་རྨང་གཞིའི་ཐོག་ཆབ་སྲིད་ཐད་མུ་མཐུད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་བ་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་ཟོག་འགྲེམས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ཨེ་ཤེ་ཡ་དང་ཡོ་རོབ་མཉམ་སྦྲེལ་མཉམ་མཐུད་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།