མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་2018ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་དམིགས་བསལ་
ཤིས་ཚིག་ཀྱང་གསུངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་གྱི་སྔ་དྲོར། ཐེན་ཅིན་གྱི་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་2018ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་དམིགས་བསལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ལི་ཁེ་ཆང་གིས་བསྟན་དོན། དབྱར་དུས་ཏ་ཝོ་སི་གླེང་སྟེགས་བཙུགས་ཚུན་གྱི་ལོ་དེ་དག་ནི་ཕྱོགས་ཁག་གིས་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཁར་ཁ་གཏད་གཅོག་པ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་དུས་སྐབས་ཤིག་རེད། དཀའ་ཚེགས་དང་ཀྱག་ཀྱོག་གི་ལམ་བུ་བརྒྱུད་རྗེས། འཛམ་གླིང་གི་དཔལ་འབྱོར་ཐད་ཁྱོན་ཡོངས་སླར་གསོའི་རྣམ་པ་ཐོན་ཡོད། འོན་ཀྱང་མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་གོ་ལ་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ལས་ལྡོག་པའི་གནས་ཚུལ་ཐོན་འགོ་ཚུགས་ཡོད། གང་འདྲ་བྱས་ཏེ་སྒུལ་ནུས་གསར་པ་མུ་མཐུད་སྟོབས་ཆེར་གཏོང་བ་དང་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ཕྱོགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། སྐབས་འདིའི་གླེང་སྟེགས་ཀྱིས“བཟོ་ལས་གསར་བརྗེ་ཐེངས་བཞི་པའི་ཁྲོད་གསར་གཏོད་རྣམ་པའི་སྤྱི་ཚོགས་སྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱས་པས་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། 
         ལི་ཁེ་ཆང་གིས་བསྟན་དོན། ན་ནིང་ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་དང་། རང་མོས་ཚོང་དོན་སྲུང་སྐྱོང་། གསར་གཏོད་མཉམ་འགུལ་ལ་སྐུལ་འདེད་སོགས་ཀྱི་དགོངས་ཚུལ་རྒྱས་བཤད་གཏིང་ཟབ་གནང་ཡོད། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ནས་སྒྱུར་བཅོས་ཟབ་གཏོང་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད།
         ལི་ཁེ་ཆང་གིས་བསྟན་དོན། བཟོ་ལས་གསར་བརྗེ་གསར་པའི་ནང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་བར་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྲུང་སྐྱོང་བྱེད་དགོས། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཚོང་དོན་གྱི་རྨང་རྡོ་ལྟ་བུ་ཡིན་པས་དེའི་དབང་གྲགས་དང་ནུས་པར་བརྩི་འཇོག་དང་སྲུང་སྐྱོང་ཐོབ་དགོས་ངེས་རེད། ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་སྟངས་ཀྱིས་གནད་དོན་ཐག་གཅོད་བྱེད་མི་ཐུབ། ཕྱོགས་ཁག་གི་ལེགས་ཆ་གསབ་རེས་བྱས་ཏེ་བཟོ་ལས་ཀྱི་གསར་བརྗེ་གསར་པའི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུར་གཞོགས་འདེགས་བྱེད་དགོས། འཕེལ་རྒྱས་ཀྱི་བསྟུན་མཁས་རང་བཞིན་ཆེ་རུ་བཏང་ནས་ཕན་པ་ཐོབ་རྒྱ་དེ་བས་ཆེ་བ་དང་བསྟུན་མཁས་རང་བཞིན་དེ་བས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་རྒྱུར་དེ་བས་ཡངས་པའི་བར་མཐོངས་སྐྲུན་དགོས།
         ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཡོད། འདས་པའི་ལོ་ཁ་ཤས་ནང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཕྱོགས་ནས་ཀྲུང་གོས“ཞིང་ཆུ་ལེབ་གཏོང”གི་བྱེད་ཐབས་ཐོག་ནས་དཔལ་འབྱོར་འཕར་ཐབས་མི་བྱེད་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྙིང་རུས་ཆེན་པོས་སྒྱུར་བཅོས་གསར་གཏོད་དང་། བཟོ་ལས་གསར་བརྗེ་གསར་པའི་གོ་སྐབས་དམ་འཛིན། མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་ཁྲོམ་རའི་གཞི་ཁྱོན་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྒུལ་ནུས་གསར་རྙིང་མགྱོགས་མྱུར་སྦྲེལ་མཐུད་དང་བརྗེ་སྒྱུར་ལ་སྐུལ་འདེད་བཏང་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ལས་ཁུངས་ཁུ་བསྡུ་དང་། དཔྱ་ཁྲལ་ཆག་ཡང་གཏོང་བ། འགྲོ་གྲོན་གཅོག་པ་བཅས་ཀྱི་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པར་སྐུལ་འདེད་ཆེན་པོ་ཐེབས་ཡོད། བསྟུན་མཁས་དང་། གཟབ་ནན། ལྟ་སྐུལ་དོ་དམ་བཅས་ལག་བསྟར་བྱས་ཏེ་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཡོད། འབད་བརྩོན་བྱས་པ་བརྒྱུད་སྒུལ་ནུས་གསར་པ་འཚར་ལོངས་ཡོང་རྒྱུར་སྔོན་དཔག་ལས་བརྒལ་བའི་ཕན་འབྲས་ཐོབ་པ་དང་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་བཅས་ལ་འགག་རྩའི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཐུབ་ཡོད།
         ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་སྲིད་ཇུས་ཁ་ཕྱོགས་ངོ་སྤྲོད་གནང་ཞིང་། ཁོང་གིས་འདི་ལོའི་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་6.8%འཕར་ནས་དུས་ཚིགས་12བསྟུད་མར་6.7%ནས་6.9%ཡི་མྱུར་ཚད་འབྲིང་སྟོད་ནང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱུང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཡང་མུ་མཐུད་འཚར་ལོངས་ཡོང་བཞིན་ཡོད་པས་གཞི་རྩའི་ཁྱོན་ནི་སྐྱོན་བྲལ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་སྒུལ་ནུས་གསར་རྙིང་བརྗེ་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ཀྱང་འཕྲད་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་གཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་དང་། ནང་སྐྱེས་འགུལ་ཤུགས་ཆེ་རུ་གཏོང་བ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བཅས་བྱས་ཏེ་དཔལ་འབྱོར་འབྲིང་སྟོད་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་ཐོན་ལས་འབྲིང་སྟོད་ཀྱི་ཆུ་ཚད་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།