མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཙུགས་པ་དང་ཀྲུང་གོ་གསར་
པའི་བརྙན་འཕྲིན་བྱ་གཞག་བྱུང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་28ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཙུགས་པ་དང་། ཀྲུང་གོ་གསར་པའི་བརྙན་འཕྲིན་བྱ་གཞག་བྱུང་ནས་ལོ་60འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         རྟེན་འབྲེལ་འཕྲིན་ཡིག་ནང་། ཞི་ཅིན་ཕིང་གིས་བརྙན་འཕྲིན་བྱ་གཞག་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལོ་60ཡི་རིང་། ཏང་གི་འགོ་ཁྲིད་འོག་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་དགོངས་ཚུལ་དྲིལ་བསྒྲགས་བྱེད་པ། མི་དམངས་ཀྱི་བསམ་ཚུལ་མཚོན་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤྲོད་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཙུགས་ཚུན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཉམ་འདྲེས་གཏིང་ཟབ་དང་། ལེགས་ཆ་གཅིག་སྡུད། ཐོན་ཁུངས་མཉམ་སྤྱོད་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཕུལ་བྱུང་གི་གསར་འགྱུར་བརྩམས་ཆོས་ནུས་ལྡན་གཏོད་པ། ཕྱི་ཕྱོགས་དྲིལ་བསྒྲགས་གསར་གཏོད་བྱེད་པ་བཅས་བྱས་ནས་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་ལ། འཛམ་གླིང་ལ་ཇི་མ་ཇི་བཞིན་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པར་བྱས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བརྙན་འཕྲིན་ལས་དོན་པ་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། རླུང་འཕྲིན་དང་བརྙན་འཕྲིན་དང་། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་ལ་སྤྱི་འདོམས་བྱེད་པ། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པ། གཙོ་རྒྱུན་གླེང་ཕྱོགས་རྒྱ་སྟོབས་ཆེ་རུ་གཏོང་བ། ཤུགས་ཆེའི་སྣེ་ཁྲིད་ནུས་པ་དང་། སྒྲོག་སྤེལ་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ལྡན་པའི་རྒྱལ་སྤྱིའི་གསར་དར་གཙོ་རྒྱུན་སྨྱན་སྦྱོར་རྩེ་གྲ་ཧུར་ཐག་གཏོད་པ། ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
         ཚེས་26ཉིན་གྱི་སྔ་དྲོ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་པེ་ཅིང་དུ་དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།