མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབུམ་ཤོག་ཆེན་མོ་79ལ་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་30ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་འབུམ་ཤོག་ཆེན་མོ་79ལ་གཟིགས་ཞིབ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ནས་ཚེས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེན་མོ་79ལ་གཟིགས་ཞིབ་གནང་བ་དང་། ལིའོ་ཉིང་དམག་དཔུང་གི་ཧྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་ཡོད། འདི་ནི་ཟླ་9ཚེས་27ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེན་མོ་79ཡི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།