མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཏང་
འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

                མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད། 《བསམ་འཆར》ནང་། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི། མི་དམངས་དམངས་གཙོའི་མངོན་འགྱུར་བྱེད་སྟངས་གལ་ཆེན་བཅས་ཡིན་ཁར། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཀྱང་ཡིན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེས་མི་དམངས་སྲིད་གྲོས་ཞེས་པའི་ལམ་ལུགས་ཀྱི་བཀོད་སྒྲིག་སྔར་བས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཞེས་པའི་སྲིད་ཏང་ལམ་ལུགས་ཀྱི་རྣམ་པ་གསར་པ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་དང་ཡུན་རིང་སྲིད་སྐྱོང་གི་གནས་བབ་མཐའ་འཁྱོངས་དང་སྲ་བརྟན་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་བཅས་ཀྱི་ཐད་གལ་ཆེ་ལ་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། མི་དམངས་སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་ཡིན་པས་མི་དམངས་སྲིད་གྲོས་ལ་འགོ་ཁྲིད་བྱེད་པའི་ཏང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ལེགས་སྒྱུར་ལ་འབད་བརྩོན་ལྷོད་མེད་བྱེད་པ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྲིད་གྲོས་ཏང་འཛུགས་སྐྱོང་ལས་དོན་དེ་ཏང་ཨུད་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་གཞི་གཅིག་འཆར་འགོད་བྱེད་པ་དང་གཞི་གཅིག་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་རེད།