མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་
གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་དེབ《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་སྐོར་གླེང་བ》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཚེས་24ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
          ཆེད་རྩོམ་ནང་། 2013ལོའི་ཟླ་1ཚེས་28ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་ཀྱི་གཙོ་གནད《རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་སྤྱི་འདོམས་དེ་བས་ལེགས་པ་བྱས་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རྨང་གཞི་བརྟན་དུ་གཏོང་དགོས》ཞེས་པ་འགོ་ཚུགས་གཏམ་དུ་བྱས་པ་དང་། 2018ལོའི་ཟླ་6ཚེས་22ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་གཙོ་གནད《དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས》ཞེས་པ་མཇུག་བསྡུའི་གཏམ་དུ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་རྣམ་བཤད་ཟིན་བྲིས་རྩོམ་ཡིག་85བསྡུས་ཡོད་པ་དང་ཡིག་འབྲུ་ཁྲི་32ཙམ་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་འཕེལ་རིམ་གྱི་མཐོ་ཚད་ཐོག་ནས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ཁོང་དུ་ཡང་དག་ཆུད་པར་གནང་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ“འཛམ་གླིང་གང་འདྲ་ཞིག་འཛུག་སྐྲུན་བྱེད་པ་དང་། ཇི་ལྟར་བྱས་ནས་འཛམ་གླིང་འདི་འཛུགས་སྐྲུན་བྱེད་པ”སོགས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་བསམ་གཞིག་གཏིང་ཟབ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། ཕུན་སུམ་ཚོགས་པའི་ནང་དོན་དང་། དེ་བཞིན་མངོན་འགྱུར་ཐབས་ལམ་སོགས་གནད་དོན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྣེ་ཁྲིད་བཅས་གནང་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་ཐོག་འཕེལ་རྒྱས་དང་། རྒྱུན་མཐུད་དར་རྒྱས། ཡུན་རིང་བདེ་འཁོད་ཡོང་ཆེད་འཆར་གཞི་བཏིང་ཡོད། དེ་ཐོག་ནས་ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་གཞོལ་བའི་བླ་ན་མེད་པའི་དམིགས་ཡུལ་མཚོན་པ་དང་། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་དང་འཛམ་གླིང་གི་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པའི་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་། འཛམ་གླིང་གི་བློ་རྒྱ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་བཅས་མཚོན་ཡོད་པ་རེད།
            མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། དེ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་སྤྱི་འདོམས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། གཉིས་ཕན་གཉིས་ཁེའི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ། ཡང་དག་པའི་བདེན་ཁེའི་ལྟ་བ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་གཏོད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བྱེད་པ་བཅས་ཀྱི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་དེ་བས་ཕན་ཡོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་ཆེད། ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།