མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཝ་དབྱི་ནུའོ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཝ་དབྱི་ནུའོ་དང་མཇལ་འཛོམས་གནང་བ།

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཝ་དབྱི་ནུའོ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཝ་དབྱི་ནུའོ་ལ་ཙུང་ཐུང་ཕུའུ་ཅིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཤིང་། ཁོང་གིས་ཟླ་གོང་མར་ང་རང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པར་ཞུགས་རིང་། ཙུང་ཐུང་ཕུའུ་ཅིང་དང་ཞལ་འཛོམས་ཡག་པོ་བྱས་པ་ཡིན། ང་དང་ཙུང་ཐུང་ཕུའུ་ཅིང་དབར་འགྲོ་འོང་དམ་ཟབ་ཡོད་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སྒྲུབ་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། མིག་སྔའི་འཛམ་གླིང་གི་དུས་བབ་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཚགས་ཚུད་ལ་སྲ་བརྟན་གྱི་རོགས་ཟླའི་འབྲེལ་བར་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱས་ནས་ནུས་རྒྱུ་དང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་མཉམ་ལས་བྱེད་མགྱོགས་སུ་གཏོང་དགོས། རྒྱལ་སྤྱིའི་བྱ་བའི་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དེ་བས་དམ་ཟབ་བྱེད་དགོས། ཕྱོགས་གཉིས་པོས་དུས་མཚམས་རྗེས་མའི་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཇུས་འགོད་དང་གྲ་སྒྲིག་ཡག་པོ་བྱས་ནས་དུས་རབས་གསར་པར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་མཉམ་ལས་ལམ་སྲོལ་ནི་ང་ཚོ་ཕྱོགས་གཉིས་པོ་འགྲོ་འོང་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཞིག་ཡིན་པས་གལ་འགངས་ཧ་ཅང་ཆེན་པོ་ཡོད་ལ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམིགས་བསལ་རང་བཞིན་དང་གལ་ཆེའི་རང་བཞིན་ཡང་མཚོན་ཡོད། ཕྱོགས་གཉིས་པོས་མུ་མཐུད་ལམ་སྲོལ་དེ་འཁོར་སྐྱོད་ཡག་པོ་བྱེད་རྒྱུར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གཞུང་དོན་ཐིང་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          ཝ་དབྱི་ནུའོ་ཡིས་དང་ཐོག་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་རིང་གྲོས་མོལ་གཏིང་ཟབ་གནང་བར་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་གྲོས་མོལ་གནང་རྒྱུའི་ཐུགས་རེ་གནང་གི་འདུག ཀྲུང་གོ་དང་འཐབ་ཇུས་མཉམ་ལས་བྱེད་རྒྱུ་ནི་ཨུ་རུ་སུའི་ཕྱི་ཕྱོགས་འབྲེལ་བའི་འཁྲུལ་མེད་ཀྱི་སྔོན་འཇོག་ཁ་ཕྱོགས་ཤིག་ཡིན། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་གནས་ཡོད། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་དེང་གི་འཛམ་གླིང་གི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཨུ་རུ་སུ་ཕྱོགས་ཀྱིས་དགའ་འོས་པའི་ངང་མཐོང་བ་ཞིག་ལ། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འགྲོ་འོང་ཡང་ཡང་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མཉམ་ལས་ཧུར་ཐག་བྱས་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཀྱིས་ཀྱང་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་རྩ་བའི་འགན་ལེན་ཐུབ་ཡོད། ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་མཉམ་ལས་ལམ་སྲོལ་ཉག་ཅིག་དེའི་མཉམ་ལས་བྱ་ཐབས་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཨུ་རུ་སུ་ཕྱོགས་ཀྱིས་གཞུང་དོན་ཐིང་གཉིས་པོའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཏན་ཏིག་བྱས་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སྒྲུབ་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།