མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》
སྤྱི་ཚོགས་ཐོག་གྲོས་བསྡུར་འཁྲུག་པོ་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་26ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་གི་ལུང་འདྲེན་ལས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གཞི་རྒྱུ་མཚོན་པ”“དྲང་ནུས་ཕན་ཚུན་བརྒྱུད་སྤྲོད་བྱས་ཏེ་དགེ་སྒྲུབ་ཀྱི་སྤྱོད་ཚུལ་རྒྱལ་ཡོངས་ཀྱི་ཕྱོགས་གང་སར་དར་ཡོད”ཉིན་ཤས་བསྟུད་མར《མཁས་མང་བཤད་གྲྭ》ཞེས་པའི་དམིགས་བསལ་ལེ་ཚན《གོ་བདེ་དོན་ཟབ་ཀྱི་གསུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུང་འདྲེན》ཞེས་པ་དེ་གཟིགས་མོ་བ་དང་དྲ་གྲོགས་ཁྲོད་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད།
              ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མར་ལེ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལན་ཝུན་ཧྭ་ཡིས། ལེ་ཚན་བལྟས་རྗེས“ལེ་ཚན་ནང་རང་རྒྱལ་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པའི་ཉམས་འགྱུར་དང་ནང་དོན་ཟབ་མོ་མངོན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་། མི་ཞིག་བྱེད་པའི་སྤྱོད་ལམ། བྱ་བ་སྒྲུབ་པའི་ཉམས་འགྱུར། སློབ་ལ་བརྩོན་པའི་རྣམ་འགྱུར། རྒྱལ་སྐྱོང་གི་འདུ་ཤེས་བཅས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བརྟེན་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། དེ་དང་འདྲ་བའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་ལེ་ཚན་ཡག་པོ་མང་ཙམ་ལྟ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
            “ངས་གྲོང་གསེབ་ཏུ་རྩ་བ་དེ་བས་བརྟན་པོ་ཚུགས་རྒྱུ་ཡིན”
           སློབ་ཆེན་ཐོན་མ་ཐག་པའི་སློབ་གྲྭ་ཆེ་མོ་བ་ཞིག་ནས་ཡུལ་མི་ཚོས་བློ་གཏད་བཅོལ་སའི་ཧྲུའུ་ཅི་དང་པོར་གྱུར་པའི་བར། ལོ་33ལ་སླེབས་པའི་ཝུའུ་ཧྲུའུ་ཤང་གྲོང་གསེབ་ཏུ་གཞི་ཚུགས་ནས་ལོ་10འགྲོ་གི་ཡོད། ཁོང་གིས་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཀོན་ལི་པའོ་གྲོང་ཚོའི་ཡུལ་མིའི་སྣེ་ཁྲིད་དེ་དེ་སྔ་རིན་གོང་དེ་ཙམ་མི་རག་པའི་སྤུས་ལེགས་འབྲས་ད་ཆ་བྲིན་ཁ་རྒྱུག་པའི་ཐོན་རྫས་ཤིག་ཏུ་བཏོད་པ་དང་དྲ་ཐོག་ཚོང་ཁང་བརྒྱུད་སྤུས་རྟགས་བཏོད་པ་མ་ཟད། ད་དུང་རང་འདོད་མངགས་བཟོའི་བྱེད་ཐབས་གསར་པ་བཏོན་ཡོད།
               ཝུའུ་ཧྲུའུ་ཤང་གིས“མི་དམངས་ལྟེ་བར་བྱེད་པའི”སྐོར་གྱི་སྲིད་ཇུས་ལག་བསྟར་འདུ་ཤེས་ཞེས་པའི་ལེ་ཚན་གྱི་ལེའུ་དང་པོ་བལྟས་རྗེས་མྱོང་ཚོར་ཟབ་མོས“གཞི་རིམ་དུ་སྒྲུབ་དགོས་པ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་མཐའ་མའི་འགག་གནད་དེ་རེད། ངས་གྲོང་གསེབ་ཏུ་དེ་བས་གཞི་ཚུགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱས་ནས་གྲོང་མི་ཚང་མར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་བཤད།
           ལེ་ཚན་གྱི་ལེའུ་གཉིས་པའི་ནང“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་རྒྱས་བཤད་བྱས་པ་དེས་ལེའོ་ཉིང་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཀྲང་སི་ཉིང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
           ཁོང་གིས“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཐོག་ནས་འབྲེལ་ཡོད་ཀྱི་ལམ་ལུགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་རབ་དང་རིམ་པ་དམིགས་སར་འཁྱོལ་རྒྱུ་དང་དོན་འཁྱོལ་ལས་མངོན་པ་བྱེད་དགོས། དེར་བརྟེན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཆེད་བྱ་བ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བཤད།
          ལེ་ཚན་གྱི་ལེའུ་གསུམ་པ་དང་བཞི་པའི་ནང“ཀུན་སྤྱོད་བཟང་པོ་འཇགས་རྒྱུ”དང“ཁྱིམ་སྲོལ”གྱི་ནང་དོན་གཙོ་བོར་བརྗོད་ཡོད། ལོ་49ལ་སླེབས་པའི་ཧུའུ་ནན་ཧྲའོ་དབྱང་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་དབྱིང་ཁྲུན་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“ང་ནི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ལ་སྐྱེད་མ་ཞིག་ཀྱང་ཡིན། ཀུན་སྤྱོད་བཟང་པོ་འཇགས་རྒྱུ་དང་ཁྱིམ་ཚང་ཡག་པོ་སྐྱོང་རྒྱུ་ཚང་མའི་ཐད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྤྱི་འདོམས་བྱེད་དགོས”ཞེས་བཤད།
         “གུང་ཁྲན་ཏང་མིའི་བློ་སྦྱོང་ནི་སྤྱི་མཚན་ཞིག་མིན་པར་ཞིབ་ཕྲ་ཞིག་རེད”
         ལོ་28ལ་སླེབས་པའི་ཧྥུའུ་ཅན་ནས་ཡིན་པའི་ཧོང་ཤའོ་ཀོང་གི་ལོ་བརྒྱད་གོང་ཕ་ཡུལ་དང་བྲལ་ནས་པེ་ཅིང་ལ་སློབ་ཆེན་དུ་བསྐྱོད་པའི་སྐབས་སུ་ཨ་མས་མིག་ཆུ་གཏོང་བཞིན་སྐྱེལ་མ་བྱས་པའི་གནས་ཚུལ་དེ་བརྗེད་ཐབས་བྲལ། ད་ཆ་ཁོང་སི་ཁྲོན་བོད་རིགས་ས་ཁུལ་དུ་ལས་ཀ་བྱེད་པ་དང་ཨ་མ་དང་ཁ་པར་བརྒྱབ་རིམ་བཞིན་ཨ་མས“རང་འཁྲིས་སུ་ཡོད་ན་བསམ་གྱི་འདུག”ཅེས་བརྗོད་སྐབས་ཁོང་ལ་གནོང་འགྱོད་ཆེན་པོ་ཡོང་གི་ཡོད།
        “ལེ་ཚན་གྱི་ལེའུ་ལྔ་པའི་ནང་གཙོ་བོ་སྲི་ཞུའི་སྐོར་རྒྱས་བཤད་བྱས་འདུག སྙན་ཞིང་འཇེབས་པའི་སྙན་ཚིག་དང་སྦྲགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་ཐོས་སྐབས་སེམས་ལ་ཧ་ཅང་ཟུག་པོ་བྱུང”ཞེས་བཤད།
         སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་སྒྲིག་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཧོང་ཤའོ་ཀོང་གིས“བློ་སྦྱོང”གི་ཚིག་དེ་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་རེད། ལེ་ཚན་གྱི་ལེའུ་དྲུག་པ་བལྟས་རྗེས་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད།
         གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཏོན་རྗེས། ཁོང་དང་ལས་རོགས་ཚོས་ཀྲོའུ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱ་བོད་སྐད་ཡིག་གཉིས་བརྗོད་དོན་གཙོ་བོར་བྱས་པའི་ཤེས་བྱའི་འགྲན་བསྡུར་ནང་ཞུགས། “གུང་ཁྲན་ཏང་ཡོན་གྱི་བློ་སྦྱོང་ནི་སྤྱི་མཚན་ཞིག་མིན་པར་ཞིབ་ཕྲ་ཞིག་རེད། དེ་ཉིད་སློབ་སྦྱོང་དང་། འཚོ་བ། ལས་དོན་བཅས་ཀྱི་གཏམ་སྤྱོད་ནང་དོན་འཁྱོལ་བྱེད་དགོས”ཞེས་བཤད།
        ལེ་ཚན་གྱི་ལེའུ་བདུན་པ་དང་བརྒྱད་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལག་ལེན་གྱི་ལྟ་བ་དང“སློབ་སྐུལ”གི་དགོངས་པ་རྒྱས་བཤད་བྱས་ཡོད། ལོ་35སླེབས་པའི་ལན་ཀྲོའུ་སློབ་ཆེན་རྩོམ་རིག་ཁང་གི་འཆད་ཁྲིད་དགེ་རྒན་ཝང་པའོ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་སློབ་སྦྱོང་གི་ཐོས་རྒྱ་ཆེ་རུ་གཏོང་བ་དང་སྙིང་བཅུད་ལེན་པའི་བརྒྱུད་རིམ་ཞིག་ཡིན་པས་ངེས་པར་དུ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དང་ཤེས་སྤྱོད་ཟུང་འབྲེལ་གྱིས་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་ཐོས་པ་བསགས་ནས་ཕྱི་རོལ་ཡུལ་གྱི་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་རྟོགས་བྱེད་དགོས་ཞེས་བཤད།
           “མི་ཞིག་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་དགོས་ལ། ཁེ་ལས་ཤིག་གིས་འཕེལ་རྒྱས་ཀྱི་དམིགས་ཚད་མཐའ་འཁྱོངས་བྱེད་དགོས”
         ཀྲུང་གུང་ཀུའེ་ཀྲོའུ་ཞིང་ཨུད་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་དང་ཏང་འཛུགས་སྐྱོང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཧུང་གིས་རྒྱུན་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་གསོ་སྦྱོང་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཀྱི་ཡོད། ལེ་ཚན་གྱི་ལེའུ་དགུ་པ་དང་ལེའུ་བཅུ་པའི་ནང་གི་རུལ་རྒོལ་གཙང་སྤེལ་དང་དེ་བཞིན་ཤེས་ལྡན་མི་སྣའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
           “‘ཁེ་ཆུང་ལ་བརྔམས་ན་དོན་ཆེན་སྒྲུབ་མི་ཐུབ’”དབང་ཧུང་གིས“གུང་ཁྲན་ཏང་མིས་གལ་ཏེ་བསླུ་བྲིད་ཀྱི་མདུན་དུ་ཕམ་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་གྲུབ་འབྲས་གཏོད་མི་ཐུབ། དེར་བརྟེན་གྲི་དངོ་ནང་དུ་ཕྱོགས་པ་དང་། རྒྱས་སྤྲོས་སྤངས་ནས་ཧུར་བསྲིས་གྲོན་ཆུང་། རང་གཅུན་ནན་པོ་བཅས་བྱས་ཏེ་ཏང་ནང་ཁུལ་གྱི་རེངས་པོ་ཅན་དང་། རུལ་སུངས་ཅན། གཞན་འགྱུར་ཅན་བཅས་ཀྱི་ཆབ་སྲིད་ཁོར་ཡུག་ངེས་པར་དུ་རྩ་མེད་དང་ཆགས་ས་བརྟེན་ས་མེད་པར་བཟོ་དགོས”ཞེས་བཤད།
            རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལྕགས་དང་ངར་ལྕགས་རྒྱུ་ཆའི་ཚོགས་པའི་གྲས་ཤིག་ཡིན་པའི་ཧོ་ཀང་ཚོགས་པས་དེ་སྔ་དཀའ་ངལ་འཕྲད་ནས་གདམ་ག་བྱེད་སྐབས། རགས་ལས་རྣམ་པའི་འཕེལ་རྒྱས་ལམ་བུ་དོར་ནས་སྤུས་ལེགས་རིམ་སྤོར་གྱི་ལེགས་བསྡུས་རྣམ་པའི་འགྲོ་ལམ་བདམས་པ་རེད།
         “མི་ཞིག་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་དགོས་ལ། ཁེ་ལས་ཞིག་གིས་ཀྱང་རང་ཉིད་ཀྱི་འཕེལ་རྒྱས་དམིགས་ཚད་མཐའ་འཁྱོངས་ཡག་པོ་བྱེད་དགོས”ཧོ་ཀང་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཡུས་ཡུང་གིས་ལེ་ཚན་གྱི་ལེའུ་བཅུ་གཅིག་པའི་ནང་ཕུགས་བསམ་དང་དད་སེམས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་རྒྱས་བཤད་བྱས་འདུག ལེའུ་དེ་བལྟས་རྗེས་ཧོ་ཀང་ཚོགས་པའི་ལས་བཟོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་སོང་ཞེས་བཤད། 

  
style="display:none;"