མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་2018ལོའི་འཛམ་གླིང་ཚེ་སྲོག་ཚན་རིག་ཚོགས་ཆེན་ཐོག་མཆན་བཀོད་
མཛུབ་སྟོན་གལ་ཆེན་གནང་སྟེ།སྤེལ་རེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་
ཏུ་སྒྲིལ་བ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་ཚེ་སྲོག་ཚན་རིག་ཞིབ་འཇུག་དང་
ལག་རྩལ་གསར་གཏོད་ལ་ཚད་བརྒལ་དེ་བས་མང་བ་ཡོང་རྒྱུར་སྐུལ་འདེད་
གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་29ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན་2018ལོའི་འཛམ་གླིང་ཚེ་སྲོག་ཚན་རིག་ཚོགས་ཆེན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང་། ཚེ་སྲོག་ཚན་རིག་ནི་མིའི་རིགས་ཀྱི་བདེ་ཐང་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གི་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ཁྱབ་ཁོངས་ཤིག་ཏུ་གྱུར་ནས་གོ་ལ་ཧྲིལ་པོའི་ཚེ་སྲོག་ཚན་རིག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད་ཡོད། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་ཚེ་སྲོག་ཚན་རིག་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། སྤེལ་རེས་གཏིང་ཟབ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། རོགས་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚེ་སྲོག་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་ལ་ཚད་བརྒལ་དེ་བས་མང་བ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ནད་གཞི་ཚབས་ཆེན་དང་། མི་འབོར་ན་རྒས་ཅན། ཁོར་ཡུག་སྦགས་བཙོག ཐོན་ཁུངས་དཀོན་པ་སོགས་ཀྱི་འགྲན་སློང་ལ་ལག་གདང་དཔུང་སྦྲེལ་གྱིས་ཁ་གཏད་གཅོག་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

  
style="display:none;"