མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་31ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཀྲུང་ཧྥའི་རྒྱ་མཚོའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཀྲུང་ཧྥའི་རྒྱ་མཚོའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ནི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་གལ་ཆེན་ཞིག་རེད། ཀྲུང་ཧྥའི་རྒྱ་མཚོའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བ་ནི་རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་པས་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཁོར་ཡུག་ཞིབ་དཔྱད་ཚད་ལེན་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་ཐོན་རྒྱུ་རེད། 
     ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཧྥ་རན་སེ་དང་མཉམ་དུ་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཟབ་ལ་རྒྱུན་མཐུད་ཀྱི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
     མ་ཁེ་ལུང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཧྥ་ཀྲུང་གི་རྒྱ་མཚོའི་སྲུང་སྐར་འཕེན་གཏོང་ལམ་ལྷོངས་བྱུང་བ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། རྣམ་གྲངས་དེར་རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་སྒྲིག་གཞི་དང་ཚན་ཞིབ་མི་སྣའི་དཀའ་སྤྱད་འབད་བརྩོན་གཅིག་ཏུ་བསྡུས་ཏེ་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་འདོད་བློ་སླར་ཡང་མཚོན་ཡོད། འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ནི་ཧྥ་ཀྲུང་འཐབ་ཇུས་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོས་འཇིག་རྟེན་འཕུར་སྐྱོད་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

  
style="display:none;"