མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་04ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་2ཉིན་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་དབྱི་མུའུ་ལན·ཧན་གྱིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་དབར་ཡུན་རིང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱེད་རིང་ཆགས་པ་དང་འཕེལ་རྒྱས་བྱུང་བའི་དམིགས་བསལ་མཛའ་གྲོགས་ཀྱི་འབྲེལ་བ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་ནང་དུ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་རབ་ཏུ་རྒྱས་ནས་རྒྱུན་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
         དབྱི་མུའུ་ལན·ཧན་གྱིས། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་མ་ཟད་། འཕེལ་རྒྱས་དང་། དབུལ་སྐྱོར། རུལ་རྒོལ་སོགས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུའི་རེ་བའང་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"