མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁའི་ཙུང་ཐུང་མའེ་ཏི་ན་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་04ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁའི་ཙུང་ཐུང་མའེ་ཏི་ན་དང་གྲོས་མོལ་གནང་བ་རེད།
       ཞི་ཅིན་ཕིང་གིས། ལོ་ཕྱེད་གོང་། སྐུ་ཞབས་ཙུང་ཐུང་གིས་འཐབ་ཇུས་ཀྱི་གཟིགས་རྒྱང་ཡངས་པ་དང་ཆབ་སྲིད་ཀྱི་བློ་སྟོབས་བརྟན་པོའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འཛུགས་རྒྱུའི་ཐག་བཅད་ཡོད། ཁྱེད་ཀྱིས་ཐག་བཅད་པ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་ལ་ཀྲུང་གོ་བ་དུང་ཕྱུར་13ལྷག་ཙམ་དང་གྲོགས་པོ་བསྒྲིགས་པ་རེད། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་ཏོ་དབར་ཕྱི་འབྲེལ་བཙུགས་མ་ཐག་ཡིན་ནའང་ང་ཚོའི་སེམས་པ་སྔ་ས་ནས་མཉམ་དུ་འབྲེལ་ཡོད། ཀྲུང་ཏོ་དབར་ཕྱི་འབྲེལ་བཙུགས་པ་དེ་ཐོག་ནས་ཀྲུང་གོར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བཅས་ཀྱི་རོགས་ཟླ་ཡག་པོ་ཞིག་མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
       མའེ་ཏི་ན་ཡིས། ཏོ་ཀྲུང་དབར་ཕྱི་འབྲེལ་བཙུགས་མ་ཐག་ཡིན་ནའང་ཏོ་སྨི་ནི་ཁའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་དུས་དང་རྣམ་པ་ཀུན་ཏུ་བརྩེ་དུང་ཟབ་མོ་བཅངས་པ་དང་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་ལྷག་དོན་དུ་མི་དམངས་དུང་ཕྱུར་དུ་མ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པར་ཡི་རང་བྱེད་ཀྱི་ཡོད་ཅིང་། ཏོ་ཀྲུང་དབར་ཕྱི་འབྲེལ་བཙུགས་པ་དེ་ཏོ་སྨི་ནི་ཁའི་རང་ངོས་ཀྱི་ཁེ་ཕན་དང་རྦད་དེ་མཐུན་ཡོད་ཅེས་གསུངས་པ་རེད།

  
style="display:none;"