མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་04ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་2ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་བུད་མེད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རང་རྒྱལ་མི་འབོར་གྱི་ཕྱེད་ཀ་བཟུང་བའི་བུད་མེད་ལ་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དང་འབྲེལ་བ་ཡོད་ལ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་སྟོབས་ཤུགས་ཆེན་པོ་འདོན་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། དེས་ན་བུད་མེད་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་ཀྱི་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་དེང་དུས་ཀྲུང་གོའི་བུད་མེད་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་བུད་མེད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། བུད་མེད་སྒྲིག་འཛུགས་དང་སྐུལ་སློང་གིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་བཅས་ཀྱི་ཐོག་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འཐབ་ཕྱོགས་དང་པོར་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་དང་ཐོག ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་གྲོལ་ཞིང་། ཚོགས་ཆེན་གྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བུད་མེད་ཀྱི་བྱ་གཞག་དང་བུད་མེད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་དང་གྲོས་རིམ་ཁག་ལེགས་སྒྲུབ་བྱུང་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་གྲུབ་འབྲས་ཐོན་པའི་སྒོ་ནས་འཚོགས་པ་དང་རྒྱལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཚང་མའི་གཏམ་བཤད་ཀྱི་ཁྲོད་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བསྟར་རྒྱུའི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་རྣམ་འགྱུར་ཁ་གསལ་ལ་ཡིད་ཆེས་ཀྱི་བསམ་པའང་བརྟན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་རེ་བ་ཆེན་པོ་བཅོལ་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བུད་མེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ་སྐུལ་འདེད་ཧུར་ཐག་ཀྱང་བཏང་ཡོད། འདས་ཟིན་པའི་ལོ་ལྔའི་རིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བུད་མེད་ཀྱི་བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཕོ་མོ་འདྲ་མཉམ་སོགས་ཀྱི་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་བྱེད་པ་དང་། བུད་མེད་མང་ཚོགས་ལ་འབྲེལ་གཏུག་བྱེད་པ་དང་ཞབས་འདེགས་ཞུ་བ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཏེ། རང་རྒྱལ་གྱི་བུད་མེད་བྱ་གཞག་གི་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་བཏང་ཡོད་ལ་བུད་མེད་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་བུད་མེད་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཞིག་རེད། དེས་ན“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། བུད་མེད་ཚོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོའི་ལས་དོན་སྤེལ་རྒྱུ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལ་ཆབ་སྲིད་ཀྱི་མོས་པ་དང་། བསམ་བློའི་མོས་པ། བརྩེ་སེམས་ཀྱི་མོས་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དང་ཡིད་ཆེས་ཀྱི་བསམ་པ་བརྟན་དུ་གཏོང་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་གི་འཐུས་ཚབ་བྱ་རྒྱུ་དང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ། བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ལས་འགན་གལ་ཆེན་ཡག་པོ་སྒྲུབ་དགོས། ཁྲིད་སྟོན་དང་། ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་དམིགས་ཚད་དང་ལས་འགན་དང་ཡང་ཡང་བསྡུར་དགོས་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། 
       འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་དམ་པོར་གཞིགས་པ། བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་བྱས་རྗེས་འཇོག་པའི་བྱེད་སྒོ་སྤེལ་བ་བཅས་ཀྱི་ཐོག་ནས་བུད་མེད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྐོང་འཐེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། དུས་ཡུན་རིང་པོའི་ནང་ཕོ་མོ་འདྲ་མཉམ་དང་བུད་མེད་ལ་བརྩི་འཇོག་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་བུད་མེད་ལ་མཐོང་ཆུང་གི་གནད་དོན་ཡང་སྔར་བཞིན་ཐོན་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་དགོས་ན། རྒྱལ་ཁབ་ཀྱི་རིམ་ངོས་ནས་བཅོས་སྐྱོང་བྱེད་དགོས་ཤིང་། བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་ནོར་འཁྲུལ་གྱི་གཏམ་བརྗོད་ལ་དུས་ཐོག་ཏུ་དགག་པ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད་ཀྱི་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་བུད་མེད་ལ་ཞབས་འདེགས་ཞུ་བའི་ཤུགས་རྒྱག་ས་གཙོ་བོ་ཞིག་རེད། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱེད་དགོས་ཤིང་། ཁྱིམ་ཚང་ནང་ཐོན་པའི་གནས་ཚུལ་དང་གནད་དོན་གསར་པར་ཞིབ་འཇུག་ནན་ཏན་བྱས་ཏེ་ཁྱིམ་ཚང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡུན་རིང་གི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་བྱེད་ཐབས་ཏན་ཏིག་སྤྱད་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལས་ཁུངས་ཀྱི་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། འགག་སྒྲོལ་དཀའ་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་དུ་སྒྱུར་བཅོས་དོན་འཁྱོལ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"