མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་ཀྱི་མནའ་འབྲེལ་
འཛུགས་པའི་ཚོགས་ཆེན་དང“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་
སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་ཀྱི་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་དང“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད། འབྲེལ་ཡོད་རྒྱལ་ཁབ་དང་ཚན་རྩལ་མཉམ་ལས་བྱ་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་ནང་དོན་གལ་ཆེན་ཡིན་ཞིང་། དམངས་འཚོ་ལེགས་གཏོང་དང་། འཕེལ་རྒྱས་ལ་སྐུལ་གཏོང་། ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད། རེ་བར་རྒྱལ་ཁབ་ཁག་གི་ཚན་རིག་ལས་རིགས་ཀྱིས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་ཀྱི་མནའ་འབྲེལ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱི་མཉམ་ལས་གལ་ཆེན་བྱེད་པ། གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་སྐྱེད་སྲིང་། ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་སེམས་གཅིག་སྒྲིལ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ལམ་བུ་དང་གསར་གཏོད་ལམ་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"