མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་འདི་ལོའི་ཟླ་9པའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་རིང་ང་དང་སྐུ་ཞབས་ཙུང་ཐུང་དབར་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོས་པེ་ཅིང་གི་དབུ་ཚོཌ་གྲུབ་འབྲས་དོན་འཁྱོལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་ཁེན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
          ཀྲུང་གོ་དང་ལོ་སིའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཕྱོགས་གཉིས་པོས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་དུས་བབ་གསར་པ་དང་འགྲན་སློང་གསར་པ་འཕྲད་སྐབས། ཀྲུང་གོ་དང་ལོ་སིས་འཐབ་ཇུས་འབྲེལ་མཐུད་དམ་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། དོན་གཉེར་མཉམ་ལས་དང་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལོ་སིའི་དཔལ་འབྱོར་བར་ཁྱམས་མུ་མཐུད་བསྐྲུན་པ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་འཛུགས་སྐྲུན་བདེ་བླག་ཡོང་རྒྱུར་འགན་ལེན་བྱེད་དགོས། དམངས་འཚོ་དང་གེགས་སེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཧུར་ཐག་བྱས་ཏེ་ཕྱི་ལོའི་ཀྲུང་གོ་དང་ལོ་སིའི་ཡུལ་སྐོར་ལོ་ཡག་པོ་གཉེར་དགོས། ལག་གདང་སྦྲེལ་ནས་རྫ་ཆུ—མེ་ཀུང་གཙང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"