མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་
ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་
ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ།

        ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་རུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ་རེད།
        ཆུ་ཚོད་6དང་སྐར་མ་25ཙམ་ལ་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ཁོང་རྣམ་པའི་སྐུ་ཟླ་སྔ་རྗེས་སུ་ཧྲང་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཕེབས་འབྱོར་ཟིན་པ་རེད། དེའི་སྐབས་སུ་སྤྲོ་སེམས་རབ་ཏུ་འཕེལ་བའི་ལོ་ཆུང་བྱིས་པས་གླུ་ལེན་གར་འཁྲབ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
       ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་སྟངས་དཔྱལ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་དང་སྦྲགས་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
       སྤྲོ་སྣང་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་ཚོ་དང་ལྷན་དུ་གསོལ་སྟོན་ཁང་དུ་ཕེབས་པ་རེད།
       ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཧྲང་ཧའེ་ནི་ཀྲུང་གོའི་དཔལ་འབྱོར་ལྟེ་གནས་ཆེ་ཤོས་དང་སྒྱུར་བཅོས་སྒོ་དབྱེ་བྱེད་སྔ་ཤོས་ཀྱི་ཁུལ་ཞིག་ཡིན་པས་ཉེ་རབས་ཚུན་གྱི་ཀྲུང་གོའི་སྒོ་དབྱེ་མཉམ་ལས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་དཔང་པོ་བྱས་ཡོད་ལ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་40ཡི་གསོན་ཉམས་ལྡན་པའི་ལེའུ་ཡང་བརྩམས་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་རེད་ལ། འཛམ་གླིང་གི་དེ་བས་ཀྱང་རེད། འདི་ནི་སྤྱིར་བཏང་རང་བཞིན་གྱི་དངོས་མང་སྟོན་ཚོགས་ཤིག་མིན་པར་ཀྲུང་གོས་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་ར་སྒོ་འབྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཧྲང་ཧའེ་ལ་བཀྲག་མདངས་གསར་པ་སྣོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་སང་ཉིན་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དངོས་སུ་འགོ་ཚུགས་རྒྱུ་རེད། འབྱུང་འགྱུར་ཉིན་6རིང་། གླིང་ཆེན་ལྔ་ནས་ཡོང་བའི་རྒྱལ་ཁབ་དང་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་172ཀྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རང་རྒྱལ་ཁབ་ཀྱི་གཟུགས་བརྙན་མངོན་པར་བྱེད་རྒྱུ་རེད་ལ། རྒྱལ་ཁབ་ཁག་གི་འགྲེམས་ཞུགས་ཁེ་ལས་མཁས་ཅན་3600ལྷག་ཙམ་གྱིས་ཀྱང་ཀྲུང་གོའི་ས་ཁོངས་ཕྱི་ནང་གི་ཉོ་སྒྲུབ་ཚོང་པ་དང་མཉམ་དུ་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་རེད། ད་དུང་རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོས་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་གི་གནད་དོན་གལ་ཆེན་ལ་གཞིགས་ནས་བགྲོ་གླེང་སྤེལ་རེས་ཀྱིས་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། འདི་ནི་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་དངོས་མང་སྟོན་ཚོགས་གཟབ་རྒྱས་ཤིག་ཡིན་པས་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཕྱོགས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད།
        ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་མང་སྟོན་ཚོགས་ཤིག་ཏུ་གྱུར་ནས་རྒྱལ་སྤྱིའི་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཅན་ལ་ལས་སྟེགས་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་ངེས་ཡིན་ཞེས་གསུངས།
       དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་གསོལ་སྟོན་འགོ་ཚུགས་པ་རེད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་མཛའ་བརྩེའི་སྤེལ་རེས་གནང་བ་རེད། རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོས་མཛའ་གྲོགས་མཉམ་ལས་སྐོར་ལྷུག་པོར་གླེང་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་དང་འབྲེལ། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་དང་འཛམ་གླིང་དེ་བས་ཞི་བདེ་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་རེད།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་
ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ།

  
style="display:none;"