མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་
ཞུགས་པའི་ཕྱི་རྒྱལ་གྱི་ཁེ་ལས་མཁས་པའི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པའི་ཕྱི་རྒྱལ་གྱི་ཁེ་ལས་མཁས་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
           ཞི་ཅིན་ཕིང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་འདི་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་ཀྲུང་གོ་དང་འཛམ་གླིང་དབར་གྱི་འགྲོ་འོང་དང་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་བཞིན་ཡོད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་མཚམས་འཇོག་མི་སྲིད་ལ། ཀྲུང་གོས་ཕྱི་ཕྱོགས་ལ་ཕྱེ་བའི་སྒོ་མོའང་སྔར་བས་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོས་སྒོ་དབྱེའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་ལ་མུ་མཐུད་འདོན་རྒྱུ་ཡིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་ནི་བྱ་ཐབས་ཀྱི་གྲས་ཤིག་རེད། ཀྲུང་ཕྱིའི་མཉམ་ལས་ཟབ་གཏོང་གི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་ལ་ང་ཚོས་རི་བསྟུན་ལམ་གཤགས་དང་ཆུ་བསྟུན་ཟམ་རྒྱག་གི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཐག་གཅོད་དང་གསར་འབྱེད་ཡར་བརྩོན་ཁྲོད་ཁྱད་བསད་བྱ་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་ལ་ཡོང་བར་ཁོར་ཡུག་བཟང་པོ་མུ་མཐུད་བསྐྲུན་རྒྱུ་ཡིན། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"