མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་
གི་ཚོགས་ཆེན་སྐབས་བཅུ་གསུམ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཧྲའན་ཤིས་ཀྱི་ཤིས་ཨན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་བཅུ་གསུམ་པ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
      ཞི་ཅིན་ཕིང་གིས། སྲུང་སྐར་ཕྱོགས་སྟོན་མ་ལག་ནི་བར་མཐོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པ་དང་མིའི་རིགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཉིན་མཚན་བལྟོས་མེད་ཀྱི་ཆ་འཕྲིན་ཞབས་ཞུ་ཡང་དག་མཁོ་འདོན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆ་འཕྲིན་གལ་ཆེན་གྱི་འགན་ལེན་ཞིག་ཡིན།
       ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱིའི་བར་སྣང་གི་ཚོགས་འདུ་འཚོགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་རྒྱལ་ཁབ་ཁག་གིས་སྲུང་སྐར་ཕྱོགས་སྟོན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲུང་སྐར་ཕྱོགས་སྟོན་གྱི་གོ་ལ་ཧྲིལ་པོ་ཅན་གྱི་ཉེར་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་སྲུང་སྐར་ཕྱོགས་སྟོན་གྱིས་མིའི་རིགས་ཀྱི་ཕན་བདེའི་ཆེད་ནུས་པ་སྔར་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
       ཞི་ཅིན་ཕིང་གིས། ཀྲུང་གོས་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྱོང་གི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱེད་ཀྱི་ཡོད། སྐར་མ་སྨིན་བདུན་གྱི་མ་ལག་དེ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་ཐོབ་པའི་གྲུབ་འབྲས་གལ་ཆེན་གྱི་གྲས་སུ་གྱུར་ཡོད། ད་ལོའི་ལོ་མཇུག་ཏུ་སྐར་མ་སྨིན་བདུན་མ་ལག་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱོགས་ཏེ་ཞབས་ཞུ་བྱ་རྒྱུ་དང་། 2020ལོར་ཞབས་ཞུ་བྱེད་ཁྱོན་གོ་ལ་ཧྲིལ་པོར་ཁྱབ་རྒྱུ། 2035ལོའི་གོང་ད་དུང་སྔར་བས་རྒྱ་ཁྱབ་དང་། སྔར་བས་མཉམ་འདྲེས། སྔར་བས་རིག་ནུས་ལྡན་པ་བཅས་ཀྱི་ཕྱོགས་བསྡུས་ཀྱི་ཡུལ་དུས་མ་ལག་ཅིག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྐར་མ་སྨིན་བདུན་གྱི་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་གྱི་བྱ་གཞག་གོང་འཕེལ་ཆེན་པོ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཚོགས་ཞུགས་འཐུས་མིས་སྤེལ་རེས་ཟབ་གཏོང་དང་བློ་གྲོས་མཉམ་བསྡུ་བྱས་ཏེ་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་གིས་གོ་ལ་ཧྲིལ་པོར་ཞབས་འདེགས་སྔར་བས་ཡག་པོ་ཞུ་བ་དང་མིའི་རིགས་ལ་ཕན་བདེ་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"