མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་མཛའ་གྲོགས་དང་མཉམ་ལས་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་ཧང་འབྲེལ་བ་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཡིན། ན་ནིང་གི་ཟླ་5པར་ང་དང་སྐུ་ཞབས་ཙུང་ལིས་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་ཧང་འབྲེལ་བའི་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཧང་ཕྱོགས་གཉིས་པོས་ཕན་ཚུན་ཆབ་སྲིད་ཐད་རྒྱབ་སྐྱོར་དང་ཡིད་ཆེས་སྔར་བས་ཟབ་ཏུ་བཏང་ནས་སོ་སོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཡང་ཤུགས་སྣོན་རྒྱག་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཧང་ག་རིའི“ཤར་ཕྱོགས་སྒོ་དབྱེའི”སྲིད་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་མངོན་འགྱུར་བྱ་ཆེད། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་དགོས། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཧང་ག་རི་ནས་སར་པི་ཡ་བར་གྱི་ལྕགས་ལམ་རྣམ་གྲངས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག དངུལ་རྩ། ཞིང་ལས། ཡུལ་སྐོར། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ནས། ཀྲུང་གོའི་ཁྲོམ་ར་སྔར་བས་རྒྱ་སྐྱེད་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་སང་ལོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་འཆར་འགོད་ཡག་པོ་བྱས་ཏེ་མཛའ་གྲོགས་འགྲོ་འོང་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་དེ་བཞིན་ཡོ་རོབ་དབུས་མའི་འབྲེལ་བ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཨོར་པན་གྱིས་སང་ལོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་70སོང་ཡོད། དེ་ནི་དུས་བབ་གསར་པའི་འོག་ཧང་ཀྲུང་འབྲེལ་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ཟབ་མོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་ནས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་། དེ་བཞིན་ཡོ་རོབ་དབུས་མའི་འབྲེལ་བར་ཤུགས་སྣོན་རྒྱག་ཆེད་ནུས་པ་དེ་བས་ཆེ་བ་འདོན་འདོད་ཡོད་ཅེས་བརྗོད་པ་རེད།

  
style="display:none;"