མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་
གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏཱ་ཏཱ་ཨའེ་དང་ཙུང་ལི་ཨའོ་ཉིའར་དང་། པུ་རུ་ནེ་ཏ་རུ་ས་རམ་རྒྱལ་ཁབ་ཀྱི་གཙོ་བདག་ཧ་སང་ནའར། ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའུ་ཐེར་ཐེ་བཅས་ཀྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་11ཚེས་15ནས་21ཉིན་བར་གོང་གསལ་གྱི་རྒྱལ་ཁབ་གསུམ་པོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཇལ་འཛོམས་ཀྱང་གནང་རྒྱུ་ཡིན་པ་རེད། དེའི་རིང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཉིའར་གྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་11ཚེས་17དང་18ཉིན་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མོར་སི་པི་གྲུ་ཁར་འཚོག་རྒྱུ་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་རྒྱུ་ཡིན་པ་རེད།

  
style="display:none;"