མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“རླབས་ཆེན་གྱི་འཕོ་འགྱུར། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
ཞུ་བའི་འགྲེམས་སྟོན་ཆེ་གྲས”ལ་གཟིགས་སྐོར་གནང་བ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས“རླབས་ཆེན་གྱི་འཕོ་འགྱུར། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
ཞུ་བའི་འགྲེམས་སྟོན་ཆེ་གྲས”ལ་གཟིགས་སྐོར་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“རླབས་ཆེན་གྱི་འཕོ་འགྱུར། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེ་གྲས”ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། རང་གི་ལག་གཉིས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་བརྗིད་ཆགས་ཡིད་འོང་གི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་ཡོད་པས་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་སེམས་འགུལ་ཚད་མེད་ཐེབས་པའི་རླབས་ཆེན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ཚེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན། འགྲེམས་སྟོན་བྱས་པ་བརྒྱུད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེན་སྟོབས་ཤུགས་ལ་ངོས་འཛིན་གཏིང་ཟབ་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། རང་རེའི་ཏང་གི་རིགས་པའི་གཞུང་ལུགས་ནི་ཡང་དག་པ་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྒྱུར་བཅོས་སྒོ་དབྱེའི་ལམ་ཕྱོགས་དང་མཛད་ཕྱོགས་ནི་ཡང་དག་པ་ཞིག་ཡིན་པ། སྒྱུར་བཅོས་སྒོ་དབྱེའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ནི་ཡང་དག་པ་ཞིག་ཡིན་པ་བཅས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་པ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་མདུན་ལམ་ནི་འོད་སྟོང་འཕྲོ་བ་ཞིག་ཡིན་པར་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་པ་བྱེད་པ། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པ། ངར་ཤུགས་འཕེལ་བ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
         ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གཟིགས་སྐོར་ལ་ཕེབས་ཡོད་པ་རེད། 
         ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན་གྱི་ལོ་རྒྱུས་ཀྱི་ལམ་བུར་དམ་པོར་དམིགས་པ་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ཐོབ་ཚོར་ཟབ་མོ་དང་། མང་ཚོགས་ཀྱི་ཐོབ་ཚོར། འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཚོར་བཅས་ལ་དམིགས་ནས་བརྗོད་དོན་གཙོ་བོའི་ནང་དོན་འགྲེམས་ཁུལ་6བཀོད་སྒྲིག་དང་ཇུས་འགོད་བྱས་ཏེ། ཟུར་ཚད་མང་བ་དང་ཡུལ་ལྗོངས་ཆ་ཚང་གི་ཐོག་ནས་སྒྱུར་བཅོས་སྒོ་དབྱེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། རླབས་ཆེན་གྱི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་བཀོད་ཇུས་བཀོད་སྒྲིག་མངོན་པར་བྱས་ཡོད་ལ། སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱེད་པའི་ཏང་ཀྲུང་དབྱང་གི་ཆབ་སྲིད་ཀྱི་ཡིད་དབང་འཕྲོག་ཤུགས་དང་འགྱུར་མེད་ཀྱི་ཆོད་སེམས་ཀྱང་མངོན་པར་བྱས་ཡོད་པ་རེད། 

  
style="display:none;"