མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོཌ་འདུ་ཐེངས་ལྔ་པ་འཚོགས་གནང་བ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་འཚོགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་སྐབས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་དོན་སྙིང་གལ་ཆེན་དང་རླབས་ཆེན་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་སྟངས་འཛིན་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
     ཚོགས་འདུའི་ཐོག《ཧའེ་ནན་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཇུས་གཞི》དང་། 《ཧའེ་ནན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་བསྐྲུན་པའི་ལག་བསྟར་ཇུས་གཞི》《རྒྱལ་ཁབ་ལས་རིགས་སློབ་གསོའི་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》སོགས་ཇུས་གཞི་རབ་དང་རིམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 
     ཚོགས་འདུའི་ཐོག ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་ཧའེ་ནན་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་གི་ལས་འགན་གསར་པ་གནང་བ་དང་ཧའེ་ནན་ལ་གླིང་ཕྲན་ཡོངས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད། 
      ཚོགས་འདུའི་ཐོག་ཁྲོམ་རའི་བྱེད་པོ་ཕྱིར་འཐེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལེགས་རྒྱལ་ཞན་ཕམ་གྱི་ཁྲོམ་རའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་བྱེད་པོའི་འགྲན་རྩོད་གསོན་ཤུགས་འཕེལ་བ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད། 
      ཚོགས་འདུའི་ཐོག་སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་བྱེད་པར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉོ་སྒྲུབ་མཁན་གྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། གཅིག་སྡུད་ཉོ་སྒྲུབ་སྒྲིག་གཞིའི་འགྲན་རྩོད་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད། 
      ཚོགས་འདུའི་ཐོག་ལས་རིགས་སློབ་གསོ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་དང་ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ་ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭ་དང་ཆེད་ལས་ཀྱི་བཀོད་པ་ལེགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
      ཚོགས་འདུའི་ཐོག་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་བཙུགས་པ་དེས་རྫོང་རིམ་པའི་སྨྱན་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་དང་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བསྟན་གནང་བ་རེད། 
      ཚོགས་འདུའི་ཐོག་ཚན་རྩལ་དུས་དེབ་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་། ཚན་རིག་ཤེས་རྟོགས་གཅིག་སྡུད། ཚན་རྩལ་འཕེལ་རྒྱས་སྣེ་ཁྲིད་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཚན་རྩལ་འགྲན་ནུས་དང་རིག་གནས་ཀྱི་འཇམ་ཤུགས་ཐད་ཀར་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
      ཚོགས་འདུའི་ཐོག་གཞི་རིམ་གྱིས་ཞིབ་བཤེར་ཆོག་མཆན་གྱི་ཞབས་ཞུའི་ཁྲིམས་འཛིན་སྟོབས་ཤུགས་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་གཏོང་བར་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཁྲོམ་གཞུང་དང་ཤང་དང་གྲོང་རྡལ་གྱི་ལས་ཀའི་ཁྱད་ཆོས་དང་དམངས་ཕན་ཞབས་ཞུའི་དགོས་མཁོ་དང་འཚམ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད། 
       ཚོགས་འདུའི་ཐོག་དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
       ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཀྱི་ཚོད་ལྟའི་ལས་དོན་སྒྲིག་འཛུགས་བྱེད་པའི་དམིགས་ཡུལ་ནི་སྨན་རྫས་ཀྱི་གཅིག་སྡུད་ཉོ་སྒྲུབ་ལམ་སྲོལ་དང་ཁྲོམ་རས་གཙོ་ཁྲིད་བྱེད་པའི་སྨན་རིན་གྲུབ་པའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཡང་དུ་གཏོང་ཆེད་ཡིན་ཞེས་བསྟན་གནང་བ་རེད། 
        ཚོགས་འདུའི་ཐོག་སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲགས་དང་། ཚད་ལྡན། ཁྲིམས་མཐུན། གཞུང་དྲང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁྲིམས་འཛིན་ལམ་ལུགས་རྒྱུན་ཆད་མེད་པར་བསྐྲུན་པ་དང་། ཁྲིམས་འཛིན་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་བྱེད་སྟངས་གསར་གཏོད་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
         ཚོགས་འདུའི་ཐོག་སྤྱི་ཚོགས་ཀྱི་བཅོས་སྐྱོང་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་ཏང་རྩ་འཛུགས་དེ་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བ་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་བ་རེད། 
         ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། 

  
style="display:none;"