མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་བར་སྣང་མཉམ་ལས་རྩ་འཛུགས་
བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་བར་སྣང་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་10འཁོར་བའི་ཚོགས་ཆེན་ཟླ་11ཚེས་14ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་བར་སྣང་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཕྱི་ངོས་བར་སྣང་ནི་མིའི་རིགས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པ་དང་། ཕྱི་ངོས་ཀྱི་བར་སྣང་འཚོལ་ཞིབ་དང་། གསར་སྤེལ། ཞི་བདེའི་ངང་བེད་སྤྱོད་བཅས་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དར་སྤེལ་གཏོང་བ་དང་། འདྲ་མཉམ་གཉིས་ཁེ་དང་། ཞི་བདེའི་ངང་་བེད་སྤྱོད། ཁོང་ཡངས་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཕྱིའི་བར་སྣང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"