མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ཏུའུ་ཏ་ཏ་ཨའེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ཏུའུ་ཏ་ཏ་ཨའེ་དང་མཇལ་འཛོམས་གནང་བ།

       གོང་གི་པར་རིས་ནི་ཟླ་11ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོར་སི་པིའི་གྲུ་ཁར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ཏུའུ་ཏ་ཏ་ཨའེ་དང་མཇལ་འཛོམས་གནང་བ།   
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པིའི་གྲུ་ཁ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་མོར་སི་པིའི་གྲུ་ཁར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ཏུའུ་ཏ་ཏ་ཨའེ་དང་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ནི་ངས་མཛེས་སྡུག་ལྡན་པའི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པས། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་སྲིད་གཞུང་དང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་གྱི་འགྲོ་འོང་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལ། 1976ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་མྱུར་དུ་རྒྱ་ཆེར་སོང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་མདུན་ཕྱོགས་སུ་འཕེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། ང་ད་རེས་འཚམས་འདྲིར་ཡོང་བ་འདིས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཀུན་གྱི་འགྲོ་འོང་རྒྱ་ཆེར་འགྲོ་བ། མི་དམངས་དབར་གྱི་མཛའ་མཐུན་སྤེལ་རེས་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་རྒྱ་ཆེ་བའི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་ཕན་ཐོགས་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ཚུད་པའི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ལ་མཐའ་གཅིག་ཏུ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས།
       ཏ་ཏ་ཨའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་། འདི་ནི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ལོ་མང་རིང་གི་ཐོབ་པར་དཀའ་བའི་དོན་ཆེན་ཞིག་རེད། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་དང་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ལྡན་ཡོད། ལོ་100ལྷག་ཙམ་གོང་ཀྲུང་གོ་བ་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་འཕེལ་རྒྱས་གཏོང་བར་སླེབས་ཡོད། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་རང་བཙན་ཐོབ་པའི་ཕྱི་ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པ་འདི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་ཞིག་རེད་ཅེས་བརྗོད།
       མཇལ་འཛོམས་མ་གནང་གོང་ཏ་ཏ་ཨའེ་ཡིས་གྲོས་ཚོགས་ཐོག་ཁང་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་པ་རེད།

  
style="display:none;"