མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཤིན་ཧྭ་གསར་འགྱུར་ཁང་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོར་སི་པི་གྲུ་ཁར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་ང་དང་སྐུ་ཞབས་ཙུང་ཐུང་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་ལེགས་སུ་དང་འཕེལ་རྒྱས་ཕྱིན་ཡོད།
         ང་ཚོས་ཀྲུང་ཧན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། ཕྱོགས་གཉིས་པོས་མུ་མཐུད་མཐོ་རིམ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་གཞི་འགངས་ཆེན་ལ་བརྩི་འཇོག་བྱེད་པ་དང། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་དབར་ཡིད་ཆེས་དང་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ནས་ཚོར་སྣང་སྐྱེན་པའི་གནད་དོན་མུ་མཐུད་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཝུན་ཙའེ་དབྱིན་གྱིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་སྨོན་འདུན་ཞུས་གནང་བ་དང་། ཁོང་གིས་དེང་སྐབས་ཧན་ཀྲུང་འབྲེལ་བ་མགྱོགས་མྱུར་སླར་གསོ་ཐུབ་པའི་འཕེལ་ཕྱོགས་མངོན་པ་དང་། ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་བྱེད་ཟབ་ཏུ་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཕྱིན་པ་དང་ཕྱེད་གླིང་གི་གནད་དོན་དེ་སྤྱི་ཡོངས་ནས་གླེང་མོལ་དང་གྲོས་མཐུན་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་སླེབས་ཡོད། ང་ཚོས་འབད་བརྩོན་བྱས་པར་གྲུབ་འབྲས་ཐོབ་པ་དེ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། སྐུ་ཞབས་ཙུང་ཐུང་གིས་འགོ་ཁྲིད་གནང་བའི་འོག ཧན་གོ་ཕྱོགས་ཀྱིས་ཕྱེད་གླིང་གི་ཛ་དྲག་གནས་ཚུལ་ཞི་ལྷོད་དུ་གཏོང་བ་དང་ལྷོ་བྱང་མཐུན་འགྲིག་ཟུང་འཇུག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་བྱང་ཕྱོགས་གཉིས་པོའི་དབར་གྱི་ཕན་ཚུན་འབྲེལ་བ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

  
style="display:none;"