མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པའི་
སྐོར་གྱི་འཆད་ཁྲིད་སུམ་ཅུ》ཡི་བསླབ་གཞི་བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་25ཉིན། 18:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་མཐོ་སློབ་ཀྱི་དགེ་སློབ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་སློབ་གསོ་པུའུ་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྐོར་གྱི་འཆད་ཁྲིད་སུམ་ཅུ》ཡི་བསླབ་གཞི་རྩོམ་སྒྲིག་བྱས་རྗེས་མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། བདེན་འཚོལ་དྲ་བ། ཀྲུང་གོའི་ཤེས་དཔལ་དྲ་བ། སློབ་གསོ་པུའི་དྲ་ཚིགས་བཅས་ཀྱི་ཐོག་བཀྲམས་ནས་རིན་མེད་ངང་ཕབ་ལེན་ཐུབ་པར་བྱས་ཡོད་པ་རེད། 《འཆད་ཁྲིད་སུམ་ཅུའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་གོ་དོན། གཞི་རྩའི་བླང་བྱ་བཅས་ལ་དམ་པོར་དམིགས་ཐོག་ཡི་གེ་དང་། པར་རིས། བརྙན་ལམ། སྒྲ་ལམ་སོགས་མཚོན་སྟངས་སྣ་ཚོགས་བརྒྱུད་ཆེད་དོན་30ལ་དབྱེ་ནས་འཆར་འགོད་སྒྲིག་བཟོ་ཞིབ་ཚགས་བྱས་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་ལྟ་བ་ཡང་དག་པ་དང་། ལས་བྱེད་པ་དང་མང་ཚོགས་དང་མཐོ་སློབ་ཀྱི་དགེ་སློབ་ཚོའི་བསམ་བློ་དང་ལས་ཀའི་དོན་དངོས་དང་མཐུན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། གོ་བ་ལེན་པ། ཁོང་དུ་ཆུད་པ་བཅས་སྔར་བས་ཡག་པོ་བྱ་རྒྱུར་ཕན་པ་ཡོད་པ་རེད།

  
style="display:none;"