མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་གི་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”
དྲན་གསོ་ཞུ་བའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་01ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་གི་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
                ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་རྒྱུད་ཀྱི་གནད་དོན་གྱི་གཞི་རྩའི་གནད་དོན་ཞིག་དང་། དེ་ཕ་ལེ་སི་ཐན་སོགས་དབུས་ཤར་རྒྱལ་ཁབ་ཁག་གི་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོཌ་ཡོངས་དང་གཞུང་དྲང་ངང་ཐག་གཅོད་བྱ་རྒྱུ་ནི་མི་སེམས་གཏད་ཕྱོཌ་དང་ཕ་ལེ་སི་ཐན་སོགས་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བསྟན་གནང་ཡོད།
              ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཕ་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་30སོང་བའི་ལོ་ཞིག་ཡིན། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་དང་རོགས་ཟླ་ཡག་པོ་ཞིག་ཡིན་ལ། ཕ་ལེ་སི་ཐན་དང་དབྱི་སི་རལ་ཞི་བདེ་ཡོང་བའི་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་དབུས་ཤར་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས་ཕ་ལེ་སི་ཐན་གྱི་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྒྱལ་སྤྱིའི་ཞི་བདེར་སྐུལ་འདེད་གཏོང་བའི་ལམ་སྲོལ་གསར་གཏོད་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་སྔ་ཙམ་ཞི་བའི་གྲོས་མོལ་སླར་ཡང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དབུས་ཤར་ཕྱོགས་ཡོངས་དང་། གཞུང་དྲང་། རྒྱུན་མཐུད་བཅས་ཀྱི་ཞི་བདེ་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"