མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བྱང་གསུམ་ལས་གྲྭ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་02ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་གསུམ་ལས་གྲྭ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བྱང་གསུམ་ལས་གྲྭ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་མཉམ་དུ་ལག་བསྟར་བྱས་པའི་སྣོད་བཅུད་ལས་གྲྭ་གལ་ཆེན་ཞིག་ཡིན་ལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། ལོ་40རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ལས་གྲྭ་འཛུགས་སྐྲུན་ལ་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་བཅོས་སྐྱོང་གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མིག་སྔར། བྱང་གསུམ་ས་ཁུལ་གྱི་སྣོད་བཅུད་སྔར་བཞིན་ཞན་པོ་ཡོད། བྱང་གསུམ་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་པ་ཡོད་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་ལའང་ཕན་པ་ཡོད། སྙིང་རུས་བརྟན་འཁྱོངས་དང་། སྒྲིག་སྲོལ་ལམ་སྲོལ་གསར་གཏོད། སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་བྱང་གསུམ་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྤྱི་འབོར་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བྱང་གསུམ་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལྗང་མདོག་སྣོད་བཅུད་སྲུང་ཡོལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་རེད།
         བྱང་གསུམ་ལས་གྲྭ་འཛུགས་སྐྲུན་བྱས་ནས་ལོ་40འཁོར་བའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས་30ཉིན་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་་སློབ་སྦྱོང་བྱས་པ་རེད།

  
style="display:none;"