མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སི་རུ་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེ་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ་བརྒྱུད་ནས་རྒྱལ་པོ་སཱ་ལེ་མན་ལ་མཛའ་བརྩེའི་འཚམས་འདྲི་ཞུས་ཤིང་། ཁོང་གིས། འདས་ཟིན་པའི་ལོ་2ནང་། ང་དང་རྒྱལ་པོ་སཱ་ལེ་མན་གཉིས་ཀྱིས་ཕན་ཚུན་རྒྱལ་དོན་འཚམས་འདྲི་བྱས་ནས། རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་ཐུབ་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་སོའི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད་ཅེས་གསུངས་པ་རེད།
         མུའུ་ཧན་མོ་ཏེས་དང་ཐོག་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་ཤིང་། ཁོང་གིས་སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སོ་ཀྲུང་དབར་གྱི་འཐབ་ཇུས་རང་བཞིན་ལྡན་པའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཕྱིན་ནས། ཀྲུང་གོ་ཉིད་སོ་ཏི་ཨ་རབ་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོར་གྱུར་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མ་འཇོག་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སོ་ཏི་ཨ་རབ་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་རེ་ཡོད་ཅེས་གསུངས་པ་རེད། 

  
style="display:none;"