མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སི་རུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་མི་རིང་བའི་གོང་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་འཚམས་འདྲི་གནང་བ་དང་། ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁག་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་པས། ཀྲུང་རིའི་འབྲེལ་བར་རྣམ་པ་གསར་པ་མངོན་ཡོད། ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་སྒོ་ནས་ཀྲུང་རིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་ཀྲུང་རིའི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་རྩ་དོན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མདུན་ལམ་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་གསུངས་པ་རེད།
          ཨན་པེ་ཅིན་སན་འདི་ལོའི་ཟླ་10པར་ཀྲུང་གོར་འཚམས་འདྲིར་ཡོང་སྐབས་ཕྱོགས་གཉིས་པོའི་དབར་དུས་མཚམས་གསར་པར་སླེབས་པའི་རི་ཀྲུང་གི་འབྲེལ་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བར་ཧ་ཅང་དགའ་པོ་བྱུང་། རི་པིན་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་དང་མཉམ་དུ་ཨེ་ཤེ་ཡའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་གྱིས་དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་ཟབ་ཏུ་ཧུར་ཐག་བཏང་སྟེ་ཕུང་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རྒྱལ་དམངས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད། དེའང་རི་ཀྲུང་རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད། རི་པིན་ཕྱོགས་ཀྱིས་རྒྱལ་སྤྱིའི་ཐོག་ཀྲུང་གོའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་སྤེལ་རེས་མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"