མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་དང་མཇལ་འཛོམས་གནང་བ་རེད།
             ཞི་ཅིན་ཕིང་གིས་ཀྲུང་ཐུར་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཉེ་བའི་ལོ་ཤས་ནང་ངས་སྐུ་ཞབས་ཙུང་ཐུང་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཀྲུང་ཐུར་གྱི་འཐབ་ཇུས་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་སར་སླེབས་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་ཀྱི་ཡོད། རེ་བར་རྒྱལ་ཁབ་གཉིས་པོའི་གཙོ་གཉེར་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་ཀྱིས་ང་ཚོའི་དབར་བྱུང་བའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱས་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
           ཨེར་ཏུའོ་ཨན་གྱིས་ཐུར་ཀྲུང་འབྲེལ་བ་འཕེལ་རྒྱས་ཟབ་མོ་ཕྱིན་པར་དགའ་ཚོར་ཆེན་པོ་བྱུང་། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་མོ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཚད་མཐོའི་གདེང་འཇོག་ཀྱང་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་དཔལ་འབྱོར་ཚོང་དོན་དང་། མ་འཇོག མཁའ་འགྲུལ། ཡུལ་སྐོར་བཅས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ལ་ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་ཡང་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"