མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི“བཅིངས་འགྲོལ་པའི་ཧྲེང་མ་ཏིང་མགུལ་རྒྱན་ཆེན་པོ་རིམ་པའི་
མཛད་རྗེས་གཟེངས་རྟགས”དང་ལེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་04ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི“བཅིངས་འགྲོལ་པའི་ཧྲེང་མ་ཏིང་མགུལ་རྒྱན་ཆེན་པོ་རིམ་པའི་
མཛད་རྗེས་གཟེངས་རྟགས”དང་ལེན་གནང་བ།

           ཤིན་ཧྭ་གསར་འགྱུར་ཁང་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལིས་སྤྲད་པའི“བཅིངས་འགྲོལ་པའི་ཧྲེང་མ་ཏིང་མགུལ་རྒྱན་ཆེན་པོ་རིམ་པའི་མཛད་རྗེས་གཟེངས་རྟགས”དང་ལེན་གནང་བ་རེད།
            མཛད་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཙུང་ཐུང་ལས་ཤག་ཏུ་གཉེར་བ་རེད། མཛད་སྒོའི་བྱ་རིམ་སྟོན་པ་པོས《སྲིད་འཛིན་བཀའ་རྒྱ》སྒྲོག་སྦྱངས་བྱས་རྗེས་མ་ཁེ་ལིས་ཞི་ཅིན་ཕིང་ལ“བཅིངས་འགྲོལ་པའི་ཧྲེང་མ་ཏིང་མགུལ་རྒྱན་ཆེན་པོ་རིམ་པའི་མཛད་རྗེས་གཟེངས་རྟགས”གནང་བ་རེད། མཛད་རྗེས་གཟེངས་རྟགས་དེ་ཨ་ཀེན་ཐིན་གྱི་རྒྱལ་གཏོད་མེས་པོ་ཧྲེང་མ་ཏིང་གི་མིང་ཐོག་ནས་བཏགས་པ་དང་། དེ་ནི་ཨ་ཀེན་ཐིན་སྲིད་གཞུང་གིས་ཕྱི་རྒྱལ་གྱི་སྤྱི་དམངས་ལ་སྤྲད་པའི་མཚན་སྙན་ཆེ་ཤོས་ཡིན་པ་དང་རྒྱལ་ཁབ་ཀྱི་གཙོ་བདག་སྐུ་ངོ་མས་སྤྲོད་ཀྱི་ཡོད་པ་རེད།
           མ་ཁེ་ལིས་ཤིས་ཚིག་སྒྲོན་སྐབས་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བསྔགས་བརྗོད་གནང་བ་དང་། ཨ་ཀྲུང་དབར་གྱི་འབྲེལ་བ་དང་དེ་བཞིན་ཀྲུང་གོས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད།
          ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས་ཙུང་ཐུང་མ་ཁེ་ལིས་ང་ལ“བཅིངས་འགྲོལ་པའི་ཧྲེང་མ་ཏིང་མགུལ་རྒྱན་ཆེན་པོ་རིམ་པའི་མཛད་རྗེས་གཟེངས་རྟགས”གནང་བར་གཟི་བརྗིད་ཀྱི་ཚོར་སྣང་ཆེན་པོ་བྱུང་། མཛད་རྗེས་གཟེངས་རྟགས་དེས་ཨ་ཀེན་ཐིན་མི་དམངས་ཀྱི་རང་ཚུགས་རང་བདག་གི་མི་རིགས་ཀྱི་སྙིང་སྟོབས་མཚོན་ཡོད་ལ། ཨ་ཀེན་ཐིན་གྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཡང་མཚོན་ཡོད། མཚན་སྙན་དེ་ང་མི་སྒེར་ལ་གཏོགས་པ་མ་ཟད། ད་དུང་ཀྲུང་ཨའི་མཛའ་གྲོགས་འབྲེལ་བའི་ཆེད་དུ་ལེགས་སྐྱེས་འབུལ་མཁན་གྱི་མཛའ་མཐུན་མི་སྣ་ཚང་མར་གཏོགས་ཀྱི་ཡོད། ངས་མཛའ་བརྩེ་ཟབ་མོ་འདི་ནམ་ཡང་མི་བརྗེད་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"