མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་པ་ལེ་ལ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཕ་ན་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་
གླེང་སྟེགས་ལ་ཞུགས་མཁན་ཕྱོགས་གཉིས་པོའི་ཁེ་ལས་མཁས་ཅན་གྱི་འཐུས་མིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ན་མ་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཕ་ན་མར་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་ལྷན་དུ་ཀྲུང་གོ་དང་ཕ་ན་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་ཕྱོགས་གཉིས་པོའི་ཁེ་ལས་མཁས་ཅན་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པ་དེས་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱེད་རྒྱུར་མདུན་ལམ་ཆེན་པོ་བཏོད་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ད་ལྟ་བཞིན་ཕུན་སུམ་ཚོགས་པོ་དེ་འདྲ་ཡོང་མྱོང་མེད་ལ་ཕྱོགས་གཉིས་པོའི་ཁེ་ལས་ལས་རིགས་ཀྱི་འབྲེལ་བ་ཡང་ད་ལྟ་བཞིན་ཟབ་མོ་དེ་འདྲ་ཡོང་མྱོང་མེད། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལས་རིགས་ནི་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཙོ་ཤུགས་དམག་ཡིན་པས་ཕྱོགས་གཉིས་པོས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་མཉམ་ལས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། ཀྲུང་གོས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཁག་ལ་ཁྲོམ་ར་སྒོ་ཕྱེ་ནས་ཕ་ན་མ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད་ལ། ཀྲུང་གོའི་ཁེ་ལས་ཕ་ན་མར་ཁེ་ལས་འཕེལ་རྒྱས་གཏོང་བར་བསྐྱོད་རྒྱུར་བསྔགས་སྐུལ་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་དགོས། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་གང་དུ་ཚོང་གཉེར་བྱས་ན་དེ་གར་མཛའ་མཐུན་འབྲེལ་བ་འཛུགས་པ་དང་། རྣམ་གྲངས་གང་དུ་བསྐྲུན་པ་དེ་གར་མཛའ་གྲོགས་ཀྱི་རྡོ་རིང་འཛུགས་དགོས། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་གྱིས་གསར་འབྱེད་ཡར་བརྩོན་བྱས་ཏེ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          པ་ལེ་ལས་དུས་ཡུན་རིང་པོའི་ནང་ཕ་ན་མ་དང་ཀྲུང་གོའི་བཟོ་ཚོང་ལས་རིགས་མིས་བཟོས་གཙང་པོ་དང་། གྲུ་ཁ། ཁོའོ་ལུང་རང་མོས་ཚོང་དོན་ཁུལ་བཅས་བརྒྱུད་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཕ་ན་མར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག་ཕ་ན་མ་འདི་ཉིད་ལ་ཏིང་མེ་གླིང་དུ་ལས་སྒོ་ཁྱབ་འགྱེད་ཀྱི་རྟེན་གཞི་ཞིག་ཏུ་བརྩིས་ཏེ་ཕ་ན་མ་དང་ས་ཁུལ་འདི་གའི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མཉམ་ལས་གཉིས་ཁེ་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"