མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་སླར་ཡང་ཁྱབ་གདལ་བཏང་ནས་གསར་ གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན(འཆར་ཟིན)》ལ་གྲོས་འཆམ་བྱས་ནས་རྒྱུ་ ནོར་བདག་དབང་ལ་སྲུང་སྐྱོང་ནུས་ལྡན་དང་དབང་ཆར་གནོད་འཚེ་གཏོང་མཁན་ལ་རྡུང་རྡེག་ནུས་ལྡན་བཏང་བ། 《བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་འཕྲལ་སྡོམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱས་པ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་12ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་སླར་ཡང་ཁྱབ་གདལ་བཏང་ནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན(འཆར་ཟིན)》ལ་གྲོས་འཆམ་བྱས་ནས་རྒྱུ་ནོར་བདག་དབང་ལ་སྲུང་སྐྱོང་ནུས་ལྡན་དང་དབང་ཆར་གནོད་འཚེ་གཏོང་མཁན་ལ་རྡུང་རྡེག་ནུས་ལྡན་བཏང་བ། 《བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་འཕྲལ་སྡོམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱས་པ་རེད།
           ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲང་ཧའེ། ཀོང་ཏུང་སོགས་ས་ཁོངས་8ཀྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་བྱེད་ཐབས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཤིང་། ན་ནིང་ཁག་དང་པོའི་སྒྱུར་བཅོས་བྱེད་ཐབས་ཁག་13རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ཁག་གསར་པའི་སྒྱུར་བཅོས་བྱེད་ཐབས་23ཁྱབ་ཁོངས་དེ་བས་ཆེ་བར་འདྲ་བཟོ་ཁྱབ་གདལ་བཏང་སྟེ་གསར་གཏོད་ཀྱི་ཐོན་ཁུངས་སྔར་བས་ཆེ་བའི་སྒོ་ནས་སྐུལ་སྤེལ་བྱེད་པ་དང་གསར་གཏོད་ཀྱི་བྱེད་སྒོར་སྐུལ་མ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། དེའི་ནང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་གྲས་སུ་གཙོ་བོ་ནི། གཅིག་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁང་དང་སུའོ་དང་བྱ་གཞག་ཚན་པའི་དོ་དམ་མི་སྣ་དང་། ཚན་ཞིབ་མི་སྣ། དེ་བཞིན“ལག་རྩལ་གྱི་མ་རྐང་དང་མ་དངུལ་གྱི་མ་རྐང་ཟུང་དུ་འབྲེལ་བའི”བྱེད་སྟངས་བཅས་ཀྱི་རྐང་དབང་ལྡན་མཁན་སྒྱུར་ཆོག་པ་དང་། ལག་རྩལ་ཅིང་ལི་གྲུབ་འབྲས་གཞན་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་རྒྱུར་ནང་འདྲེན་བྱེད་པ། མཐོ་སློབ་དང་ཚན་ཞིབ་ཁང་ལ་མངགས་ཐོ་སོགས་ཀྱི་རྣམ་པར་བརྟེན་ནས་ཁེ་ལས་ཀྱི་ལག་རྩལ་འགག་སྒྲོལ་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་། གཉིས་ནས་ཚན་རྩལ་གྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱས་ནས་ཡང་བའི་རྒྱུ་ནོར་དང་ཁེ་སྤོགས་མེད་པའི་ཁེ་ལས་བཅས་ཚུད་པའི་ཚན་རྩལ་ཁེ་ལས་འབྲིང་ཆུང་ལ་མ་དངུལ་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཤིང་། སྲིད་གཞུང་གི་རྐང་དབང་མ་དངུལ་ཐོག་མའི་དུས་སྐབས་དང་གསར་གཏོད་ཐོག་མར་བྱེད་པའི་དུས་སྐབས་ཀྱི་ཚན་རྩལ་ཁེ་ལས་ལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གཏོད་གསར་གཏོད་ཚོགས་པས་མ་འཇོག་ལ་གཞིགས་པའི་མ་དངུལ་དང་དུས་མཚུངས་ཀྱི་ཚོང་ལས་དངུལ་བུན་སྐྱེད་ཀའི་ཁ་ཆད་བྱས་ནས་སྲིད་གཞུང་གི་མ་འཇོག་མ་དངུལ་གྱི་རྐང་དབང་ཕྱིར་ཉོ་བྱེད་ཆོག་པ། ཁེ་བེད་བདག་ཐོབ་ཀྱི་ལག་བསྟར་ཉེན་ཁ་དང་ཁེ་བེད་བདག་ཐོབ་ལ་དབང་གནོད་གྱོང་གུན་ཉེན་ཁ་བཟོས་པ་སོགས་ཀྱི་འགན་བཅོལ་ཐོན་རྫས་གསར་སྤེལ་ལ་སྐུལ་མ་བཏང་སྟེ་གསར་གཏོད་བྱེད་པོའི་དབང་གནོད་གྱོང་གུན་ཆུང་དུ་གཏོང་དགོས་པ། གསུམ་ནས་ཚན་ཞིབ་དོ་དམ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཁྲོམ་ར་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་གཞུང་ཁོངས་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་གཉེར་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྒོ་དབྱེ་མཉམ་སྤྱོད་མངོན་འགྱུར་ཡོང་བ་བྱེད་པ། གསར་གཏོད་ཐབས་ཇུས་ཀྱི་ནོར་རུང་ལམ་སྲོལ་འཛུགས་པ་དང་ཆབས་ཅིག་སྔོན་ཆད་ས་ཁོངས་འགའ་ཤས་སུ་ཚོད་ལྟ་བྱས་པའི་སྒྱུར་བཅོས་བྱེད་ཐབས་ཁག་3སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ས་ཁོངས་8ཚང་མར་ཁྱབ་གདལ་གཏོང་དགོས་པ་དེར་ཚན་ཞིབ་མི་སྣའི་བསྡུར་གྲངས་ངེས་ཅན་གྱི་གོ་གནས་ལ་ཚན་རྩལ་གྲུབ་འབྲས་ཀྱི་བདག་དབང་ལྡན་པ་དང་། ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་རར་ཚན་རྩལ་གསར་གཏོད་ཀྱི་ཆེད་ལས་འགྲེམས་པང་འཛུགས་པ། ས་གནས་མཐོ་སློབ་ཀྱིས་ཤེས་ལྡན་པ་ནང་འདྲེན་དང་ལས་ཀའི་གོ་མིང་ཞིབ་དཔྱད་རང་ཚུགས་ཀྱིས་བྱེད་ཆོག་པ་བཅས་ཚུད་ཡོད་པ་རེད། ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། གོང་གསལ་ཁག་ཐེངས་ཀྱི་ཁྱབ་གདལ་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་བྱེད་ཐབས་གཞན་གྱི་རྗེས་སྙེག་དཔྱད་དཔོག་ལ་ཤུགས་སྣོན་བརྒྱབ་སྟེ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།

  
style="display:none;"