མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྲོས་ཚོཌ་ཀྱི་གྲོས་དཔོན་ལུའོ་ཏེ་ལི་ཀེ་སི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྲོས་ཚོཌ་ཀྱི་གྲོས་དཔོན་ལུའོ་ཏེ་ལི་ཀེ་སི་དང་མཇལ་འཛོམས་གནང་བ།

            ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་སི་པོན་གྲོང་ཁྱེར་དུ་ཕོར་ཐིའུ་ཀལ་གྲོས་ཚོགས་ཀྱི་གྲོས་དཔོན་ལུའོ་ཏེ་ལི་ཀེ་སི་དང་མཇལ་འཛོམས་གནང་བ་རེད།
              ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་ནི་ཡོ་རོབ་མནའ་འབྲེལ་ནང་གི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་རེད། 1999ལོར། ཀྲུང་ཕོར་རྒྱལ་ཁབ་གཉིས་པོས་ཨའོ་མོན་གྱི་གནད་དོན་ཐག་གཅོད་ཡང་དག་བྱས་ནས་རྒྱལ་སྤྱིའི་ཐོག་མཛའ་གྲོགས་གྲོས་མོལ་བྱེད་པ་བརྒྱུད་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱེད་པའི་དཔེ་སྟོན་བཏོད་ཡོད་ལ། དུས་རབས་གསར་པར་ཀྲུང་ཕོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པའི་རྨང་གཞིའང་བཏིང་ཡོད། ཉེ་ལམ་ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཕོར་ཐིའུ་ཀལ་གྲོས་ཚོགས་དང་སྤེལ་རེས་དམ་ཟབ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་ཁྲིམས་འཛུགས་ལྟ་སྐུལ་དང་། རྒྱལ་སྲིད་སྐྱོང་ལུགས། རྒྱལ་ཇུས་དམངས་འཚོ་སོགས་ཀྱི་གྲོས་དོན་གལ་ཆེན་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་ཕར་ཕྱོགས་ཀྱི་མ་འཇོག་ཁེ་ལས་དང་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་སོགས་ཀྱི་ཕྱོགས་མང་རྩ་འཛུགས་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པ་མ་ཟད་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་སྔར་བྱུང་མྱོང་མེད་པའི་འགྲོ་ལམ་ཞིག་དང་། དུས་བསྟུན་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག ཀྲུང་གོའི་མི་དམངས་དུང་ཕྱུར་14ཉེ་བས་ཐུན་མོང་ཐོག་གདམ་ག་བྱས་པའི་འགྲོ་ལམ་ཞིག་བཅས་རེད། འདི་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ཀྲུང་གོས་མུ་མཐུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འདོན་སྤེལ་བྱེད་པ། རིམ་པ་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། བྱ་ཐབས་འདིས་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུར་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད་ལ་ཀྲུང་ཕོར་ཕྱོགས་གཉིས་པོའི་མཉམ་ལས་ཐད་ལའང་གོ་སྐབས་གསར་པ་ཞིག་འཕྲད་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།
           ལུའོ་ཏེ་ལི་ཀེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ཕོར་ཐིའུ་ཀལ་གྲོས་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེ་ཐོག་ནས་ཕོར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡོད་པ་མཚོན་ཡོད། ཀྲུང་གོ་ནི་ཕོར་ཐིའུ་ཀལ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་ཞིག་རེད། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཕོར་ཐིའུ་ཀལ་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་དེ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བར་བསྒྱུར་ཏེ་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"