མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སི་ཕེན་དང་། ཨ་ཀེན་ཐིན། ཕ་ན་མ། ཕོར་ཐིའུ་ཀལ་བཅས་སུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་ དང་
འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་རྗེས། ཞི་ཅིན་ཕིང་
པེ་ཅིང་དུ་ཕྱིར་ལོག་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་08ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་6ཉིན་སི་ཕེན་དང་། ཨ་ཀེན་ཐིན། ཕ་ན་མ། ཕོར་ཐིའུ་ཀལ་བཅས་སུ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
         ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གྱི་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་སོགས་ཕེབས་རོགས་རྣམས་གནམ་གྲུ་གཅིག་ལ་བསྡད་དེ་འབྱོར་བ་རེད།
        ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ལི་སི་པོན་ནས་ཐོན་ཏེ་ཀྲུང་གོར་ཕྱིར་ལོག་གནང་ཞིང་། ཕོར་ཐིའུ་ཀལ་གྱི་ཕྱི་འབྲེལ་དཔོན་ཞི་ཨེར་ཝ་སོགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་ཡོང་བ་དང་། ཆེད་གཏོང་གནམ་གྲུར་ཕོར་ཐིའུ་ཀལ་གྱི་མཁའ་དམག་གནམ་གྲུ་གཉིས་ཀྱིས་མཁའ་དབྱིངས་སུ་སྲུང་སྐྱེལ་བྱས་པ་རེད།

  
style="display:none;"