མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེར་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེར་དང་གྲོས་མོལ་གནང་བ།

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེར་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་གཉིས་ཕན་ཡོང་བ། ཀྲུང་གོ་དང་འཇར་མན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་འཇར་མན་དབར་གྱི་མཉམ་ལས་ལ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཡོད་པ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་ཕན་པ་ཡོད་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས་ལུགས་མགྲིན་གཅིག་ཏུ་མོས་མཐུན་གནང་ཡོད།
            ཞི་ཅིན་ཕིང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ཀྲུང་གོ་དང་འཇར་མན་ལ་གནད་དོན་མང་པོའི་ཐད་ལྟ་སྟངས་གཅིག་པའམ་ཡང་ན་འདྲ་བའི་ཆ་ཡོད་པས། ཕྱོགས་གཉིས་པོས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་ཆབས་ཅིག་འཛམ་གླིང་བརྟན་ལྷིང་ཡོང་བར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས་གཤམ་གསལ་གྱི་འདོད་ཚུལ་ཁག་བཏོན་གནང་ཡོད་པ་སྟེ།
           ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱ་རྒྱུ་ནི་རྨང་གཞི་ཡིན། མཉམ་ལས་གཉིས་ཕན་ནི་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོའི་སྲིད་གཞུང་དང་ལས་རིགས་ཁག་གི་གཙོ་རྒྱུན་འདོད་ཚུལ་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་། འདུ་ཤེས་འཛིན་སྟངས་ལས་བརྒལ་བའི་ཧེ་བག་མུ་མཐུད་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་དབར་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་འཇར་མན་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་དང་། ཕྱོགས་གཉིས་པོའི་སྣེ་མང་ཕུན་སུམ་ཚོགས་པའི་གླེང་མོལ་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་གཏོང་བ། སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད།
          ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བའི་གསོན་ཤུགས་རྒྱུན་འཁྱོངས་བྱེད་པར་སྒོ་དབྱེ་དང་གསར་གཏོད་ཀྱི་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན་པ་དང་། འཇར་མན་ཁེ་ལས་ཀྱིས་ཀྲུང་གོའི་རེས་འཁོར་གསར་པའི་སྒོ་དབྱེའི་ཁྲོད་དམིགས་ཡུལ་སྔོན་ལ་མངོན་འགྱུར་བྱས་ཡོད། ང་ཚོས་འཇར་མན་ཚུད་པའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་འཕེལ་རྒྱས་ཀྱི་ཕན་ཁེ་མུ་མཐུད་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག་འཇར་མན་གྱིས་ཀྲུང་གོར་མུ་མཐུད་མ་འཇོག་བྱེད་པའི་ཐད་སྒོ་འབྱེད་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད།
         མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ལས་སྟེགས་གལ་ཆེན་མཁོ་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ནས་ཡོ་རོབ་དང་འཇར་མན་ཕྱོགས་དང་ཕྱོགས་གསུམ་པའི་མཉམ་ལས་བྱ་རྒྱུར་གྲོས་མོལ་ཧུར་ཐག་བྱ་རྒྱུ་དང་། ཡོ་རོབ་དང་ཨེ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ཀྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཁྲོམ་ར་ཆེན་པོ་མཉམ་དུ་ཤུགས་ཆེར་གཏོང་དགོས། ང་ཚོས་འཇར་མན་ཕྱོགས་དང་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་དུས་གཏན་མེ་འཁོར་གཏོང་བའི་ཉོ་ཚོང་བགྲོད་ལམ་ཆེན་པོ་ཡག་པོ་བསྐྲུན་འདོད་ཡོད།
           ཕྱོགས་གཉིས་པོས་རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རིག་གནས་དང་། སློབ་གསོ། གཞོན་ནུ། ལུས་རྩལ་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་ཐད་ལས་སྟེགས་དེ་བས་མང་བ་ཧུར་ཐག་གཏོད་དགོས།
         ཕྱོགས་གཉིས་པོས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་འཛུགས་སྐྲུན་བྱེད་པ། ཕྱོགས་མང་རང་མོས་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་བྱེད་པ། འཛམ་གླིང་དཔལ་འབྱོར་སྟོབས་ཤུགས་ལྡན་པ་དང་། རྒྱུན་མཐུད། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་པའི་ཕྱོགས་མང་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།

  
style="display:none;"