མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་དེབ་སྟེ《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་ཚེས་11ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
            ཆེད་དོན་རྩོམ་བཏུས་དེའི་ནང་2013ལོའི་ཟླ་9ཚེས་7ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཧ་སག་་ཐན་གྱི་ན་ཀྲའར་པཱ་ཡེ་ཕུའུ་སློབ་ཆེན་དུ་གནང་བའི་གཏམ་བཤད་ཁྲོད་ཀྱི་ཆ་ཤས་ཤིག་སྟེ《“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས》ཞེས་པ་འགོ་རྩོམ་དུ་བྱས་པ་དང་། 2018ལོའི་ཟླ་7ཚེས་10ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་ཨ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཁྲོད་ཀྱི་ཆ་ཤས་ཤིག་སྟེ《འཐབ་ཇུས་དང་བྱ་སྤྱོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས》ཞེས་པ་མཇུག་རྩོམ་དུ་བྱས་པ། བློ་མཐུན་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུའི་སྐོར་རྣམ་བཤད་རྩོམ་ཡིག་གལ་ཆེན་42བསྡུས་ནས་བཀོད་པར་ཡིག་འབྲུ་ཧ་ལམ་ཁྲི་13ཙམ་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཆེན་པོ་གཉིས་སྤྱི་འདོམས་དང་། འཛམ་གླིང་གི་དུས་བབ་ལ་གཟིགས་ཞིབ་དང་བསམ་གཞིག་ཞིབ་མོ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་མཁས། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཐབས་བཅས་གནང་སྟེ། “རྒྱུད་གཅིག་ལམ་གཅིག”ཅེས་པ་ཐོག་མར་སྣེ་ཁྲིད་སྲོལ་གཏོད་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ལམ་རྒྱུད་རྒྱལ་ཁབ་ཀྱི་དང་ལེན་ཧུར་ཐག་ཐོབ་ཡོད། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འཐབ་ཇུས་དང་བྱ་ཐབས་གལ་ཆེན་ཡིན་པའི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་འཛུགས་སྐྲུན་བྱ་རྒྱུ་དེ་རང་རྒྱལ་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ནང་ཞུགས་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོའི་ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོའི་ཇུས་གཞི་ཞིག་ཏུ་འགྱུར་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུའི་མཛུབ་ཁྲིད་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ཐབས་ལམ་སོགས་རྒྱས་བཤད་གཏིང་ཟབ་གནང་སྟེ། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་འཛུགས་སྐྲུན་བྱ་རྒྱུ་དེ་ཟབ་སྐྱོད་ཏན་ཏིག་ཐུབ་པ་དང་བརྟན་པོའི་ངང་ཐག་རིང་དུ་སླེབས་པ་བྱ་རྒྱུ་དང་། ལམ་རྒྱུད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཁ་ཕྱོགས་ཡང་དག་བསྟན་གནང་བ་དང་། བརྗིད་ཆེའི་འཆར་གཞི་བཀོད་གནང་བ། གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།

  
style="display:none;"