མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་མོ་ལེ་ནུའོ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཁྭ་ཏོར་གྱི་ཙུང་ཐུང་མོ་ལེ་ནུའོ་དང་གྲོས་མོལ་གནང་བ་རེད།
             ཞི་ཅིན་ཕིང་གིས་2016ལོར་ངས་ཨེ་ཁྭ་ཏོར་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་ཡོད། སྐུ་ཞབས་ཙུང་ཐུང་གིས་འགན་བཞེས་རྗེས་ཀྲུང་ཨེའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་མཐའ་གཅིག་ཏུ་གཞོལ་གནང་བར་ངས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་ཨེའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་དང་ཡང་མཐུན་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་ནས་རྨང་གཞིའི་འཛུགས་སྐྲུན་དང་། ཐོན་ནུས། ཞིང་ལས། ཆ་འཕྲིན་ལག་རྩལ། ནུས་རྒྱུ་གསར་པ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོའི་ཁྲོམ་ར་སྒོ་མོ་ཕྱེ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ལ་མ་དངུལ་བསྡུ་སྒྲིལ་དང་མཉམ་ལས་བྱེད་པ་དེ་ནི་རྦད་དེ་འདྲ་མཉམ་གཉིས་ཕན་དང་ཚོང་ལས་ཀྱི་རྩ་དོན་ལ་གཞི་ཚུགས་པ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ཆ་རྐྱེན་གང་རུང་ཞིག་ཀྱང་བསྣན་མེད། ཀྲུང་གོ་སྲིད་གཞུང་གིས་ཨེ་ཁྭ་ཏོར་ཡོད་པའི་ཀྲུང་གོའི་ཁེ་ལས་ལ་ས་གནས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་ཡིད་རྟོན་གཉེར་སྐྱོང་བྱེད་པ་དང་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འདྲ་མཉམ་འགྲན་རྩོད་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་དང་། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཁོང་ཚོར་མ་འཇོག་གི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གནང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཚན་རྩལ་སྤེལ་རེས་ལ་སྐུལ་ལྕག་བཏང་ནས་ཁྲིམས་འཛིན་མཉམ་ལས་བྱས་ཏེ་རྒྱུན་གཏན་གྱི་མི་སྣ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་བྱ་རྒྱུའི་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ལ་གེགས་རྗེས་བསྐྱར་སྐྲུན་དང་གེགས་འགོག་གེགས་སེལ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          མོ་ལེ་ནུའོ་ཡིས་ཀྲུང་གོ་ནི་ཨེ་ཁྭ་ཏོར་གྱི་གྲོགས་པོ་བློས་ཐུབ་ཅིག་རེད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་ཤེས་དཔལ་ལ་དད་ཞེན་ཆེན་པོ་བྱེད་པ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དང་དེ་བཞིན་ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་བློ་གྲོས་དང་གསར་འབྱེད་གསར་གཏོད་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བ་དང་ལྷག་དོན་དུ་2016ལོར་ཨེ་ཁྭ་ཏོར་ལ་ས་ཡོམ་གྱི་གནོད་འཚེ་ཐོན་སྐབས་འཕྲལ་མར་ང་ཚོར་རོགས་སྐྱོར་གནང་བར་ཨེ་ཁྭ་ཏོར་མི་དམངས་ཀྱིས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"