མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅༎ཧིན་རྡུ་ཉི་ཞི་ཡའི་ཞེའུ་ཐཱ་མཚོ་འགག་ཏུ་མཚོ་ཡོམ་གྱི་གེགས་བར་ཐོན་པར།  
ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོར་ཧིན་རྡུ་ཉི་ཞི་ཡའི་ཞེའུ་ཐཱ་མཚོ་འགག་ཏུ་ཉེ་དུས་མཚོ་ཡོམ་གྱི་གེགས་བར་ཐོན་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཧིན་རྡུ་ཉི་ཞི་ཡའི་ཞེའུ་ཐཱ་མཚོ་འགག་ཏུ་མཚོ་ཡོམ་གྱི་གེགས་བར་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་རྐྱེན་ལམ་དུ་ཤོར་བའི་མི་ཚོར་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་། རྨས་སྐྱོན་ཕོག་མཁན་དང་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
 ཧིན་རྡུ་ཉི་ཞི་ཡ་ནི་ཀྲུང་གོའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས།
     ཧིན་རྡུ་ཉི་ཞི་ཡའི་མི་དམངས་ལ་གེགས་བར་བྱུང་དུས། ང་ཚོར་གཞན་སྡུག་རང་མྱོང་གི་བསམ་ཚུལ་དྲག་པོ་བྱུང་། ངས་ཁྱེད་དང་ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས། སྔ་ཙམ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"