མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་60འཁོར་བའི་སྐབས་འདིར་ཁུ་པའི་འགོ་ཁྲིད་
པར་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་03ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་60འཁོར་བའི་སྐབས་འདིར་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་འར་·ཁ་སི་ཐེ་ལུའོ་དང་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཏེ་ཡ་སི་-ཁ་ནེར་ལ་གློག་འཕྲིན་སྤྲིངས་གནང་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཧྲུའུ་ཅི་དང་པོ་ལའོ་འར་ལ་སྤྲིངས་པའི་རྟེན་འབྲེལ་གློག་འཕྲིན་ནང་ལོ་60ཡི་རིང་ཁུ་པ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུ་པ་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད་རླབས་ཆེའི་གྲུབ་འབྲས་ཐོབ་པར་ཀྲུང་གོའི་ཏང་དང་། ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ཐུབ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ངེད་ཚོ་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། གཅེན་གཅུང་ཡག་པོ་བཅས་སུ་གྱུར་ཡོད། ངས་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ་སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཏི་ཡ་སི་—ཁ་ནེར་ལ་སྤྲིངས་པའི་རྟེན་འབྲེལ་གློག་འཕྲིན་ནང་ཁུ་པའི་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་གསར་བརྗེ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པས་ཁུ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་ངེས་རེད། ཟླ་གཅིག་ལྷག་ཙམ་གྱི་གོང་དུ་སྐུ་ཉིད་ཀྲུང་གོར་ཕེབས་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དང་ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་སྐབས་གསར་པའི་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཏིང་ཡོད། ངས་སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཀྲུའུ་ཞི་ཏི་ཡ་སི་—ཁ་ནེར་ལ་གློག་འཕྲིན་སྤྲིངས་གནང་ཞིང་། ཁོང་གིས་ད་ཆ་ཁུ་པའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་རྒྱུ་རེད། ཀྲུང་གོ་དང་ཁུ་པ་དབར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་བཏང་ཡོད། ཀྲུང་གོ་དང་ཁུ་པ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

  
style="display:none;"