མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བའི་དྲན་གསོའི་ཚོགས་
འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་04ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བའི་དྲན་གསོའི་ཚོགས་
འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོ། 《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བའི་དྲན་གསོའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དྲན་གསོའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་མེས་རྒྱལ་སྐམ་ས་ཆེ་མོའི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་སྨོན་འདུན་ཞུས་པ་རེད།
       ཞི་ཅིན་ཕིང་གིས་ལོ་རྒྱུས་ནི་གདམ་ག་བྱེད་ཐབས་མེད། ད་ལྟའི་དུས་འདིར་སྟངས་འཛིན་དང་། འབྱུང་འགྱུར་གསར་གཏོད་བྱེད་ཆོག དུས་རབས་གསར་པ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཆེན་པོ་དང་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་དུས་རབས་ཤིག་ཡིན་ལ། ངོགས་གཉིས་ཀྱི་སྤུན་ཟླའི་འཕེལ་རྒྱས་ཆེན་པོ་དང་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་དུས་རབས་ཤིག་ཀྱང་རེད། མདུན་སྐྱོད་ཀྱི་འགྲོ་ལམ་བདེ་བླག་ཡོང་མི་སྲིད། ཡིན་ནའང་ང་ཚོས་ཕྱར་བ་གྲུ་འདེགས་དང་ཐུན་མོང་ཐོག་འབད་འཐབ་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་ངེས་ཡིན་ལ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་གྲུབ་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དྲན་གསོའི་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། 1949ལོ་ཚུན། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱིས་སྔ་ཕྱི་བར་གསུམ་དུ་ཐའེ་དབན་གྱི་གནད་དོན་ཐག་གཅོད་དང་། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱེད་རྒྱུ་དེ་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཞིག་ལ་བརྩིས་ཡོད། ང་ཚོས་སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་གྱིས་ཐའེ་དབན་གྱི་དུས་བབ་ཛ་དྲག་ཁ་གཏད་དུ་ལངས་པའི་རྣམ་པ་ནས་ཞི་ལྷོད་ཕྱོགས་སུ་ལེགས་བཅོས་དང་། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་བས་ངོགས་གཉིས་ཀྱི་འབྲེལ་བར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་ངོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ལས་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ངོགས་གཉིས་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་དེ་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་ཐབས་མེད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ནི་ཀྲུང་གོ་བ་ཡིན་པས་ཤ་ཁྲག་གཅིག་ཏུ་འདྲེས་པ་དང་། ཕན་ཚུན་ལྟ་སྐྱོང་བྱེད་པའི་ཟོལ་མེད་ཀྱི་བརྩེ་སེམས་དང་མི་རིགས་ཀྱི་མོས་སེམས་དེར་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ། ཐའེ་དབན་གྱི་དུས་བབ་ཞི་བདེ་བརྟན་ལྷིང་གི་ཕྱོགས་སུ་བསྐྱོད་པ་དང་ངོགས་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དེ་དུས་རབས་ཀྱི་འཕེལ་ཕྱོགས་ཡིན་པ་ནི་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་འགོག་མི་ཐུབ། རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་། མི་རིགས་བསྐྱར་དར། ངོགས་གཉིས་གཅིག་གྱུར་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་དེ་བས་ཀྱང་འགོག་མི་ཐུབ་པ་ར་འཕྲོད་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པ་ནི་དེང་གི་བློ་སྒོ་འབྱེད་པ་དང་འབྱུང་འགྱུར་ལ་གསལ་སྟོན་བྱེད་པའི་ཆེད་དུ་ཡིན། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བ་བྱེད་དགོས་ལ། གཅིག་གྱུར་ཡོང་ངེས་ཀྱང་ཡིན། འདི་ནི་ལོ་70ཡི་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གྱི་ཆོད་སྡོམ་ཞིག་ཡིན་ལ། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ངོགས་གཉིས་ཀྱི་ཀྲུང་གོ་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོས་མི་རིགས་ཀྱི་བདེན་དོན་མཉམ་དུ་འཁུར་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། ཐུན་མོང་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པ་སྨོས་མེད་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་དགོངས་ཚུལ་ཁག་5བཏོན་གནང་བ་སྟེ།
        གཅིག ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་ནས་ཞི་བའི་གཅིག་གྱུར་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། མི་རིགས་བསྐྱར་དར་དང་། རྒྱལ་ཁབ་གཅིག་གྱུར་ནི་འཕེལ་ཕྱོགས་ཆེན་པོ་དང་། བདེན་དོན་གནས་ས། དམངས་སེམས་གཏད་ཕྱོགས་བཅས་ཡིན། ཆུ་བོ་གཅིག་གིས་ཆོད་པ་དང་ཐག་ཉེ་གོམ་གསུམ་ལས་མེད་ཀྱང་ཐུག་དཀའ་བ་ཆུ་ཀླུང་ཆོད་འདྲ་ཞེས་པའི་དཔེ་ལྟར། ངོགས་གཉིས་ད་དུང་རྦད་དེ་གཅིག་གྱུར་བྱུང་མེད་པ་ནི་ལོ་རྒྱུས་ཀྱིས་ཀྲུང་ཧྭ་མི་རིགས་ལ་བཞག་པའི་རྨ་ཁ་ཞིག་རེད། ཐའེ་དབན་གྱི་མདུན་ལམ་དེ་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་ཐུག་ཡོད་པ་དང་། སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་དེ་མི་རིགས་བསྐྱར་དར་ལ་རག་ལས་ཡོད། ངོགས་གཉིས་ཀྱི་འབྲེལ་བ་དང་ཞི་བདེ་འཕེལ་རྒྱས་ནི་ངོགས་གཉིས་ཀྱི་ཞི་བདེ་སྲུང་སྐྱོང་དང་། ངོགས་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པའི་ཡང་དག་པའི་འགྲོ་ལམ་དེ་ཡིན། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་རྒྱུར་བརྟེན་དགོས་པ། ངོགས་གཉིས་ཀྱི་སྤུན་ཟླས་མཉམ་དུ་ལོངས་སྤྱོད་བྱེད་དགོས།
        གཉིས། “ལམ་ལུགས་གཉིས”ཀྱི་ཐའེ་དབན་གྱི་ཇུས་གཞི་འཚོལ་ཞིབ་བྱས་ནས་ཞི་བའི་གཅིག་གྱུར་གྱི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། “ཞི་བའི་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་གཅིག་གྱུར་ཡོང་བའི་བྱ་ཐབས་ཡག་ཤོས་རེད། དེ་ཐོག་ནས་རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ་ཅེས་པའི་ཀྲུང་ཧྭའི་བློ་གྲོས་མངོན་ཡོད། ཐའེ་དབན་གྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཡོད་ལ། གཅིག་གྱུར་བྱས་རྗེས་ཐའེ་དབན་ཡུན་རིང་བདེ་འཁོད་ལའང་ཕན་པ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐའེ་དབན་དུ་ཞིབ་ཕྲའི་མངོན་འགྱུར་ཡོང་བའི་རྣམ་པའི་ཐད་ཐའེ་དབན་གྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱེད་སྲིད་པ་དང་ངོགས་གཉིས་ཀྱི་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱེད་སྲིད་པ། སྤུན་ཟླ་ཐའེ་དབན་བའི་ཁེ་ཕན་དང་བརྩེ་སེམས་ལ་ལྟ་རྟོག་གང་ལེགས་བྱེད་སྲིད།
        གསུམ། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཞི་བའི་གཅིག་གྱུར་གྱི་འབྱུང་འགྱུར་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་ནི་ངོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ན་ངོགས་གཉིས་པོའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་ཐུབ་ལ། སྤུན་ཟླ་ཐའེ་དབན་བར་ཕན་པ་ཐོབ་ངེས་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་དུ་སོང་ན་ངོགས་གཉིས་པོའི་འབྲེལ་བ་ཛ་དྲག་དང་ཟང་ཟིང་གནས་སུ་ལྷུང་སྲིད་ལ། སྤུན་ཟླ་ཐའེ་དབན་བའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད།
        བཞི། ངོགས་གཉིས་པོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ནས་ཞི་བའི་གཅིག་གྱུར་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ངོགས་གཉིས་པོའི་སྤུན་ཟླའི་ཤ་ཁྲག་འདྲེས་ཡོད། སྤུན་ཉེའི་བརྩེ་སེམས་ཟབ་ལ་ཡག་པོ་ཡོང་བའི་རེ་བ་བྱེད་པ་དང་ཀྲུང་གོ་བས་ཀྲུང་གོ་བར་རོགས་རམ་བྱེད་དགོས། ང་ཚོས་སྤུན་ཟླ་ཐའེ་དབན་བར་ཕྱོགས་རིས་མེད་པའི་ལྟ་སྟངས་འཛིན་པ་དང་། སྤུན་ཟླ་ཐའེ་དབན་བར་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་ནས་སྔོན་ལ་མཉམ་སྤྱོད་བྱས་ཏེ་སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་ཁེ་ལས་ལ་ཐོབ་ཐང་འདྲ་མཉམ་མཁོ་འདོན་བྱས་ནས་ཚང་མར་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་རྒྱུ་ཡིན།
        ལྔ། སྤུན་ཟླའི་དབར་གཅིག་སེམས་གཅིག་མཐུན་ཡོང་བར་བྱས་ཏེ་ཞི་བདེ་གཅིག་གྱུར་གྱི་མོས་སེམས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་བླ་སྲོག་རིག་གནས་ལས་བྱུང་ཞིང་། རིག་གནས་ཀྱིས་སྐྲུན་གྱི་ཡོད། ངོགས་གཉིས་པོའི་སྤུན་ཟླ་ནི་རྩ་བ་གཅིག་ལས་མཆེད་པ་དང་། སྐད་རིགས་དང་རིགས་རྒྱུད་གཅིག་པ་ཡིན། ཀྲུང་ཧྭའི་རིག་གནས་ནི་ངོགས་གཉིས་པོའི་སྤུན་ཟླའི་སེམས་ཁམས་དང་། ཁྲག་རྒྱུན། བསམ་པའི་ཕྱོགས་ས་བཅས་ཡིན། མི་དང་མིའི་དབར་གྱི་འབྲེལ་འདྲིས་ནང་སེམས་ཀྱི་འབྲེལ་འདྲིས་ནི་གཙོ་ཆེ་ཤོས་ཡིན། འགོག་རྐྱེན་དང་དཀའ་ཚེགས་ཇི་ཙམ་འཕྲད་ནའང་། ངོགས་གཉིས་པོའི་སྤུན་ཟླའི་སྤེལ་རེས་མཉམ་ལས་མཚམས་འཇོག་མི་རུང་བ་དང་། རྒྱུན་ཆད་མི་རུང་བ། ཉུང་དུ་འགྲོ་མི་རུང་བ་བཅས་རེད།
         ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་གཞོན་ནུར་ཐུག་ཡོད། ངོགས་གཉིས་པོའི་གཞོན་ནུས་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་། མཐུན་སྒྲིལ་མཛའ་བཤེས། ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། ཐའེ་དབན་གྱི་གཞོན་ནུ་མེས་རྒྱལ་གྱི་སྐམ་ས་ཆེ་མོར་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་གཏོད་པ། ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ཡོང་རྒྱུར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ངོགས་གཉིས་པོའི་ཀྲུང་གོ་བས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལག་སྦྲེལ་སེམས་མཐུན་གྱིས་སྤུན་ཟླར་བདེ་སྐྱིད་བསྐྲུན་པ་དང་མི་རིགས་ཀྱི་ཆེད་དུ་འབྱུང་འགྱུར་གཏོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་ཀུན་གྱིས་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"