མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་གྲོང་མིའི་ཐོག་ཁང་ཞིག་ཏུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་སྣ་འཆི་
རྨས་ཚབས་ཆེན་བྱུང་བར་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་04ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་1ཚེས་2ཉིན་ཨུ་རུ་སུའི་མ་ཀེ་ཉི་ཐུའོ་ཀེར་སི་ཁེ་གྲོང་ཁྱེར་གྱི་གྲོང་མིའི་ཐོག་ཁང་ཞིག་ཏུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་སྤྲིངས་གནང་བ་རེད།
      ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་སྐུ་ཉིད་རྒྱལ་ཁབ་ཀྱི་མ་ཀེ་ཉི་ཐུའོ་ཀེར་སི་ཁེ་གྲོང་ཁྱེར་གྱི་གྲོང་མིའི་ཐོག་ཁང་ཞིག་ཏུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་སྣ་འཆི་རྨས་ཚབས་ཆེན་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་པ་གློ་བུར་དུ་ཤེས་བྱུང་། 
         ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
       སྐབས་འདིར་སྔར་བཞིན་རོགས་སྐྱོབ་བྱ་སྤྱོད་སྤེལ་བཞིན་ཡོད་པས། སྐུ་ཞབས་ཙུང་ཐུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོལ་བྱུང་དོན་རྐྱེན་འདིར་ཐག་གཅོད་འོས་འཚམ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
        དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝེ་ཅེ་ཕུར་འཚམས་འདྲིའི་གློག་འཕྲིན་སྤྲིངས་གནང་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

  
style="display:none;"