མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་
བཤད་གལ་ཆེན་ལ་དམག་ཡོངས་ཀྱི་དཔུང་སྡེའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། “དུས་རབས་གསར་པའི་དམག་དོན་འཐབ་ཇུས་བསམ་བློ་འཛུགས་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་འཛུགས་པ། དམག་གྲབས་དམག་རྒྱག་གི་བཀོད་འདོམས་དབྱུག་པ་འཛུགས་པ། དམག་གྲབས་དམག་རྒྱག་གི་འགན་འཁྲི་ཁུར་སེམས་འཛུགས་པ་བཅས་བྱེད་དགོས”
       ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུ་ཚེས་4ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་དམག་ཡོངས་ཀྱི་དཔུང་སྡེའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། རྒྱ་ཆེའི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དམག་སྦྱོང་དམག་གྲབས་ཀྱི་དུས་རབས་ཀྱི་དུང་བརྡ་བསྒྲགས་ནས་དུས་རབས་གསར་པའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
        དམག་འཐབ་ཁུལ་ཁག་དང་དམག་དཔུང་གི་དམག་རིགས་ཁག་གི་ལས་ཁུངས་ཀྱིས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་དང་ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་དམག་དོན་ལས་འགན་མདུན་དུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་གནས་རྟོག་དཔྱོད་དང་སྤྱི་ཡོངས་ལ་གཅིག་འདོམས་གནང་ནས་དམག་ཡོངས་ཀྱི་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་གནང་བས་དམག་དོན་ལས་དོན་ཐད་འཐབ་རྩོད་ཁྲོད་ཤུགས་སྣོན་དང་གསར་གཏོད་ཁྲོད་འཕེལ་རྒྱས་བྱུང་ནས་མཚོན་རྟགས་རང་བཞིན་དང་། གསར་གཏོད་རང་བཞིན། ལོ་རྒྱུས་རང་བཞིན་བཅས་ཀྱི་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ཚན་རིག་དང་མཐུན་པའི་སྙིང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་གསུང་བཤད་ཀྱི་དགོངས་དོན་དེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་སྒུལ་ཤུགས་སྟོབས་ཆེན་དུ་སྒྱུར་དགོས་པའི་ངོས་འཛིན་བྱས་པ་རེད།
       དམག་དོན་སྦྱོང་བརྡར་བྱ་རྒྱུ་ནི་འབྱུང་འགྱུར་འཐབ་རྩོད་ཀྱི་གྲ་སྒྲིག་ནང་སྦྱོང་ཞིག་དང་འཐབ་ནུས་འཕེལ་བ་དང་གོང་མཐོར་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཡིན་པ་མ་ཟད་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཅིག་ཀྱང་རེད། དབུས་རྒྱུད་དམག་འཐབ་ཁུལ་མཉམ་འབྲེལ་ཚན་མོའུ་པུའུ་ཡི་ཅུས་ཤིག་གི་ཅུས་ཀྲང་ཀྲང་ཤུན་ཧུའེ་ཡིས་དངོས་འཐབ་དངོས་སྦྱོང་དང་མཉམ་འཐབ་མཉམ་སྦྱོང་མཐའ་འཁྱོངས་བྱས་ཏེ་དམག་འཐབ་ལས་འགན་དང་། དམག་འཐབ་ཀྱི་ཁ་གཏད། དམག་འཐབ་ཀྱི་ཁོར་ཡུག་བཅས་ལ་བསྟུན་ནས་མ་ལག་འགྲན་རྒོལ་གྱི་སྦྱོང་བརྡར་ལ་དམ་འཛིན་དང་། རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་གི་སྦྱོང་བརྡར་ལ་དམ་འཛིན། དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་གི་སྦྱོང་བརྡར་ལ་དམ་འཛིན་བཅས་བྱས་ནས་ཚན་རྩལ་དམག་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐབ་ཇུས་འཐབ་རྩལ་ཡག་པོ་སྦྱོང་བ་དང་། དམག་འཐབ་མ་ལག་སྟོབས་ཆེར་གཏོང་བ། རྒྱལ་ཁ་ལེན་པའི་ཐབས་རྩལ་ཧུར་ཐག་སྦྱོང་བ་བཅས་བྱས་ཐོག་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཤད་པ་རེད།
       དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་འཕྲལ་མ་ཉིད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་བྱས་ཤིང་། ཚང་མས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་གོང་གིས་འོག་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་དམག་དོན་ཞིབ་འཇུག་དང་། དམག་འཁྲུག་ཞིབ་འཇུག དམག་རྒྱག་ཞིབ་འཇུག་བཅས་བྱེད་པ་དང་། སྣེ་ཁྲིད་ནས་གཡུལ་སར་སྐྱོད་པ་དང་། ལས་དོན་དངོས་ནང་ཞུགས་པ། གནས་ཚུལ་དངོས་ཤེས་རྟོགས་བཅས་བྱེད་པ། སྣེ་ཁྲིད་ནས་ཐབས་ཇུས་སྦྱོང་བརྡར་དང་། བཀོད་འདོམས་སྦྱོང་བརྡར། བབ་བསྟུན་ནུས་པ་སྦྱོང་བརྡར་བཅས་བྱས་ཏེ་དམག་རྒྱག་ཇུས་འགོད་དང་བཀོད་འདོམས་ནུས་པ་ཆེ་རུ་གཏོང་བ་དང་དུས་རབས་གསར་པའི་བཀོད་འདོམས་པའི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་དང་། འཕྲལ་སྒྲུབ་དང་དམག་ལན་སློག་པའི་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་དང་རྣམ་པ་ཀུན་ཏུ་དམག་རྒྱག་གི་གྲ་སྒྲིག་གང་ལེགས་བྱས་ཐོག་སྐོང་ན་ཡོང་ཐུབ་པ་དང་། འོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ་བཅས་བྱེད་ཐུབ་པ་དགོས་པའི་ངོས་འཛིན་བྱས་པ་རེད།
       དམག་དོན་ཚན་རིག་ཁང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་ཀྱི་རྒྱ་ཆེའི་དཔོན་དམག་གིས་དམག་འཁྲུག་དང་དམག་རྒྱག་འཆར་འགོད་གཏིང་ཟབ་བྱས་ཏེ་གནས་ཚུལ་ཐོན་མ་ཐག་མགྱོགས་མྱུར་ཁ་གཏད་ནུས་ལྡན་གཅོག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། མཉམ་འབྲེལ་དམག་རྒྱག་གི་བཀོད་འདོམས་མ་ལག་འཛུགས་སྐྱོང་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་མཉམ་འབྲེལ་དམག་རྒྱག་གི་བཀོད་འདོམས་ནུས་པ་ཆེ་རུ་གཏོང་དགོས་པ། དམག་རྒྱག་སྟོབས་ཤུགས་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ནུས་གསར་པའི་བསྡུར་ཚད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་ཁྲེན་ཀྲོའུ་ཡིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་བྱས་ནས་དམག་སྦྱོང་དམག་གྲབས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཤད་པ་རེད།
       དྲག་ཆས་ཉེན་རྟོག་དཔུང་སྡེའི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྩ་འཛིན་ལ་གཞིགས་ནས་སྦྱོང་བརྡར་དང་སྦྱོང་བརྡར་ནན་པོ་བྱས་ཏེ་སྦྱོང་བརྡར་གྱི་འདུ་ཤེས་དང་དཔེ་དབྱིབས་གསར་གཏོད་བྱེད་པ་དང་། སྦྱོང་བརྡར་ཁྱབ་ཁོངས་ཀྱི་སྲིད་ཇུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་ཚད་ལྡན་དང་སྦྱོང་བརྡར་བྱེད་པའི་ཚད་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། སྦྱོང་བརྡར་གྱི་ཆ་རྐྱེན་དང་བྱེད་ཐབས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། སྦྱོང་བརྡར་གྱི་སྤྱོད་ཚུལ་ཡོ་བསྲང་བྱེད་པ། སྦྱོང་བརྡར་གྱི་དཔྱད་ཞིབ་དང་ལྟ་ཞིབ་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་པ། དམག་གྲབས་ཀྱི་འཐེན་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྦྱོང་བརྡར་གྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
       རྒྱ་ཆེའི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པ་དང་དམག་དོན་འཐབ་རྩོད་གྲ་སྒྲིག་བྱེད་པའི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  
style="display:none;"